དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་ལོ་ཚོགས་ལ་གྲུབ་འབྲས་མང་པོ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-07

    ཚེས་2ཉིན། ཀྲུང་ཧང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་ལོ་ཚོགས་པུ་ཏ་ཕེ་སིར་འཚོགས་པ་རེད། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་དཔོན་རིགས་དང་། ཚོང་ཚོགས་དང་ཁེ་ལས་ལས་རིགས་ཀྱི་འཐུས་མི། དེ་བཞིན་རྒྱལ་ཁབ་གཉིས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་དང་ཇུས་འདོན་ཚོགས་པའི་འགན་འཁུར་བ་སོགས་མི་200ཙམ་གྱིས“ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་མཉམ་ལས་ཁ་ཕྱོགས་ལ་སྣེ་ཁྲིད་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པར་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ཁག་མང་པོ་ཐོབ་ནས་ཀྲུང་ཧང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

    ཀྲུང་ཧང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་ལོ་ཚོགས་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་ཤིན་ཧྭ་གསར་འགྱུར་ཁང་གིས་ཧང་ག་རི་ATVཚོགས་པ་དང་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་རེད། ལོ་ཚོགས་རིང་ཕྱོགས་ཁག་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་མང་པོ་ཐོབ་པ་སྟེ། “རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཆ་འཕྲིན་མཉམ་སྤྱོད་དྲ་རྒྱའི་ཡོ་རོབ་ཤར་མའི་འབྲེལ་གཏུག་ཁྲུའུ་ཡི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དང་། ཀྲུང་གོ་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱི་སྤེལ་རེས་སྐུལ་སྤེལ་ཚོགས་པས“དར་གོས་ལམ་བུར་སེམས་པ་གཅིག་མཐུན”ཞེས་པའི་ཀྲུང་གོ་དང་ཧང་ག་རིའི་དམངས་ཁྲོད་མཉམ་ལས་རྣམ་གྲངས་ཁྱབ་བསྒྲགས་བྱས་པ། ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་དྲ་བའི་ཐོག“ཀྲུང་ཧང་གི་ཐོན་ལས་མཉམ་ལས་ཆེད་གཉེར་ཁུལ”གཉེར་འགོ་ཚུགས་པ། 《“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན། དུས་རབས་གསར་པ་དང་ནང་དོན་གསར་པ། ཀྲུང་གོ་དང་ཧང་ག་རིའི་མ་འཇོག་མཉམ་ལས་ཀྱི་སྙན་ཞུ》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

    ལོ་ཚོགས་མ་འཚོག་གོང་། ཚོགས་ཞུགས་སྐུ་མགྲོན་ཚོས་ད་དུང་ཀྲུང་ཧང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་པར་རིས་འགྲེམས་སྟོན་ལའང་བལྟས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།