དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 《ཀྲུང་གོ་དང་ཡོ་རོབ་དབར་གྱི་ཁོར་ཡུག་དང་གནམ་གཤིས་མཉམ་ལས། འཕེལ་རིམ་དང་རྒྱང་ལྟ》ཞེས་པའི་ཇུས་འདོན་ཚོགས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་3ཉིན《ཀྲུང་གོ་དང་ཡོ་རོབ་དབར་གྱི་ཁོར་ཡུག་དང་གནམ་གཤིས་མཉམ་ལས། འཕེལ་རིམ་དང་རྒྱང་ལྟ》ཞེས་པའི་ཇུས་འདོན་ཚོགས་པའི་སྙན་ཞུ་གོ་ལ་ཧྲིལ་པོར་ཁྱབ་བསྒྲགས་བྱས་པ་རེད།

    སྙན་ཞུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ཞིབ་འཇུག་ལྟེ་གནས་དང་། རྒྱལ་ཁབ་ནུས་རྒྱུ་གྲོན་ཆུང་ལྟེ་གནས། ཤིན་ཧྭ་གསར་འགྱུར་ཁང་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་ཁང་ཚན་རྩལ་འཐབ་ཇུས་བློ་འདྲི་ཞིབ་འཇུག་ཁང་བཅས་ཀྱིས་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་གླེང་གཞི་དང་། ཀྲུང་གོ་དང་ཡོ་རོབ་ལག་གདང་སྦྲེལ་ནས་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པ། ཀྲུང་གོ་དང་ཡོ་རོབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཡོ་རོབ་ཀྱི་སྐྱེ་ཁམས་ཁོར་ཡུག་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བ་སོགས་ནང་དོན་ཁག་5ལ་དབྱེ་ཡོད།

    སྙན་ཞུའི་ནང་ཀྲུང་གོ་དང་ཡོ་རོབ་དབར་གྱི་ལྗང་མདོག་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། མཉམ་ལས་ལམ་སྲོལ་ཤུགས་ཆེར་གཏོང་བ་དང་། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མཉམ་ལས་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། ལག་གདང་སྦྲེལ་ནས་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པ་བཅས་བྱས་ནས་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་ཆེད་ལེགས་སྐྱེས་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།