དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས།

    སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་གློག་རྡུལ་ཐ་མག་འགོག་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-07

    སློབ་མའི་ཁྲིམས་སྐྱོང་གི་འདུ་ཤེས་དང་། ཁྲིམས་སྐྱོང་གི་ལྟ་བ། རང་ངོས་སྲུང་སྐྱོབ་ཀྱི་ནུས་པ་བཅས་སྔར་བས་ཆེ་རུ་བཏང་ནས་ནར་སོ་དར་ལ་མ་བབས་པའི་མིར“ཐ་མག་མེད་པའི”ཁོར་ཡུག་མཉམ་དུ་གཏོད་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་དང་སློབ་ཆུང་གཉིས་པར་བསྐྱོད་དེ“གཞོན་ནུ་ལོ་ཆུང་ལ་སྲུང་སྐྱོབ་བྱེད། གློག་རྡུལ་ཐ་མག་རིང་དུ་སྤོང”ཞེས་པའི་བརྗོད་དོན་གཙོ་བོའི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། བཅའ་ཁྲིམས་ཁྱབ་གདལ་མི་སྣས་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་། གསོན་ཉམས་དོད་པའི་པར་རིས། གོ་བདེའི་ཤེས་སླའི་སྐད་ཆའི་ལམ་ནས་གཞོན་ནུ་ལོ་ཆུང་གིས་ཐ་མག་འཐེན་པའི་སེམས་ཁམས་དང་། གློག་རྡུལ་ཐ་མག་དབྱེ་འབྱེད། གློག་རྡུལ་ཐ་མག་གི་གྲུབ་ཆ་དང་གནོད་འཚེ་སོགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་འབྲེལ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་ནས་གྱོད་དཔེར་བརྟེན་ནས་ཁྲིམས་འགྲེལ་དང་ཁྲིམས་ལ་བརྟེན་ནས་དོན་དག་གླེང་སྟེ་སློབ་མར་བསམ་བློ་དང་། སེམས་ཁམས། བྱ་སྤྱོད་བཅས་ཀྱི་ཐད་ནས་གློག་རྡུལ་ཐ་མག་ཇི་འདྲ་ཡིན་མིན་ཤེས་སུ་བཅུག་ནས་གློག་རྡུལ་ཐ་མག་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ་ཐ་མག་མེད་པའི་ལྗང་མདོག་གི་སློབ་གྲྭའི་ཁོར་ཡུག་ཅིག་གཏོད་དགོས་པའི་དྲན་སྐུལ་བྱས་ཡོད། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད། ནར་སོ་དར་ལ་མ་བབས་པའི་མིས་གློག་རྡུལ་ཐ་མག་དབྱེ་འབྱེད་དང་འགོག་ཟོན་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། ནར་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།