དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-07

    ཉེ་ཆར་ལྗོངས་ཡོངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལྗོངས་ཡོངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་འདི་ལོའི་འབྲེལ་ཡོད་ཀྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཚོགས་འདུའི་ཐོག“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ནི་དམངས་གཉེར་ཁེ་ལས་ཀྱི་ཁྱད་ལྡན་ལེགས་ཆར་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། “ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་། དམངས་འཚོའི་འདུ་འགོད་གལ་ཆེན། ཁེ་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་བཅས་སུ་བརྩིས་ནས་དམ་འཛིན་གྱིས་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་གང་ལེགས་འདོན་པ་དང་། འགན་འཁྲི་འཁུར་ནུས་ཆེ་རུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ཡག་པོ་བཅས་བྱས་ཏེ“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་གཏིང་ཟབ་སྤེལ་ནས་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།