དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་ཀྱིས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-06

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག བོད་ཀྱིས་རྒྱལ་ཡོངས་ཀྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཚོཊ་སྒྲིག་རྣམ་པའི”བོད་སྐྱོར་དེ“དོན་ཆེན་བཞིར”དམིཊ་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང་མཐའ་སྐྱོང་བོད་བརྟན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། དམིགས་ཚད་ལ་དམ་པོར་དམིགས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པ་བཅས་ལས། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་རྣམ་པ་གསར་པ་ཐོན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ། ཆེད་དོན་ཚོགས་འདུ་བཅས་ཚོགས་པར་སྒྲིག་འཛུགས་སམ་སྐུལ་འདེད་གཏོང་བ། ས་གནས་དེ་གའི་ཤེས་ལྡན་པ་གནད་སྨིན་གསོ་སྐྱོང་དང་། ས་མཐོའི་ནད་ཀྱི་ཞིབ་འཇུག སྨན་བཅོས་སློབ་གསོ་མཐུན་སྦྱོར་སོགས་གཙོ་གནད་དང་དཀའ་གནད་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བཅས་བྱས་ཏེ་རིགས་དབྱེ་ནས་སྐུལ་སྤེལ་བྱེད་ཐབས་བཏོན་ཡོད། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྨན་བཅོས་ཤེས་ལྡན་པར“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་4.62བཏང་ནས་རོགས་སྐྱོར་དང་ལེན་སྨན་ཁང་གི“ལྟེ་གནས་ལྔ”འཛུགས་སྐྲུན་དང་རིག་ལྡན་སྨན་བཅོས་ཐད་གཙོ་གནད་ཐོག་གཟིགས་སྐྱོང་བྱས་པ་མ་ཟད། མ་དངུལ་བེད་སྤྱོད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་དཔག་གི་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད།

    དཔྱད་ཞིབ་ལེགས་གཏོང་དང་སྤུས་ཕན་ཆེ་རུ་གཏོང་ཆེད། རོགས་སྐྱོར་དང་ལེན་སྨན་ཁང་ཁག་གི་བྱེད་ནུས་ཀྱི་ངེས་གནས་དང་། གནས་སའི་ས་ཁོངས་ཀྱི་ཁྱད་ཆོས། རིམ་པའི་ཧེ་བག་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས། ཚན་རིག་དང་མཐུན་པའི་ངང་དཔྱད་ཞིབ་དམིགས་ཚད་བཀོད་སྒྲིག་དང་། གྲངས་ཐང་དང་གནས་ཚད་མི་འདྲ་བ་སྤྲད་པ། “1+7+13”(རང་སྐྱོང་ལྗོངས་མི་དམངས་སྨན་ཁང་7+ས་ཁུལ་དང་གྲོང་ཁྱེར་མི་དམངས་སྨན་ཁང་+གཙོ་གནད་རྫོང་རིམ་པ་ཡན་གྱི་མི་དམངས་སྨན་ཁང་13)བཅས་ཀྱི་སྨན་ཁང་གི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དཔྱད་ཞིབ་དཔྱད་དཔོག་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ནས། དཔྱད་ཞིབ་ཀྱི“ཕྱོགས་སྟོན་དབྱུག་པའི”ནུས་པ་ཅུང་ལེགས་པའི་ངང་འདོན་སྤེལ་བྱས་ཡོད་པ་རེད། 

    སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཐད་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེ་དམ་པོར་བཟུང་ནས་འཆར་འགོད་ཞིབ་ཚགས་དང་སྔོན་ལ་ཇུས་འགོད་ལག་བསྟར་བྱས་ཡོད། “སློབ་གྲྭ་རེ་ལ་ཐབས་ཇུས་རེ”མཐའ་འཁྱོངས་བྱས་ནས་རོགས་སྐྱོར་དང་ལེན་ཞུ་མཁན་སློབ་གྲྭ་21གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལོ་གསུམ་གྱི་ལས་ཀའི་འཆར་འགོད་བཟོས་པ་དང་། འཆར་འགོད་ལག་བསྟར་བཀོད་གཏོང་ལམ་སྲོལ་བཙུགས་ནས་དུས་ཚིགས་རེར་ལས་ཀའི་འཕེལ་རིམ་ལ་ཞིབ་བཤེར་ཐེངས་རེ་བྱས་ཏེ་ལྟ་སྐུལ་དྲན་སྐུལ་དང་ལེགས་པར་བྱ་དགའ་དང་ཞན་པར་ཆད་གཅོད་བྱས་ཡོད། “ཞིང་ཆེན་གྱིས་སློབ་གྲྭ་འགན་གཙང་ལེན་པའི”འགན་འཁྲི་དོན་འཁྱོལ་བྱས་ནས་སློབ་གསོ་པུའུ་དང་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་སྙན་སེང་དང་སྦྲེལ་མཐུད་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་རྒྱག་པ་དང་། རོགས་སྐྱོར་དང་ལེན་ཞུ་མཁན་སློབ་གྲྭ་21ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྣེ་ཁྲིད་སློབ་གྲྭ་དང་ཁོངས་མིའི་སློབ་གྲྭ་གྲོས་མོལ་བྱས་ནས་ཁ་གསལ་བཟོ་བ། རང་སོ་སོའི་ལས་ཀའི་འགན་ནུས་ཕྱོགས་ཡོངས་ནས་ཁ་གསལ་བཟོ་བ་བཅས་བྱས་ཏེ། རོགས་སྐྱོར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། “རིག་ལྡན་སློབ་གསོའི”རིམ་སྤོར་དང་། སློབ་གསོ་སྡེ་ཚན་དང་རོགས་སྐྱོར་དང་ལེན་ཞུ་མཁན་སློབ་གྲྭ་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་ལྟ་སྐོར་རྟོག་ཞིབ་ལ་སྒྲིག་འཛུགས་བྱེད་པ། རྒྱལ་ནང་གི་རིག་ལྡན་སློབ་གསོའི་མདུན་གྲལ་ཚན་རྩལ་ཁེ་ལས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ལྷོ་ཁ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གཉིས་པར“རིག་ལྡན་སློབ་གྲྭ”ཚོད་ལྟ་བྱས་ཏེ་སྐྲུན་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་རིག་ལྡན་སློབ་གསོ་འཛུགས་སྐྲུན་ལ་ལམ་བུ་གསར་པ་ཞིག་ཧུར་ཐག་བཏོད་ཡོད་པ་རེད།

    མིག་སྔར། “ནད་ཆེན”རིགས་400ལྷག་ཙམ་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2400ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པ། རྒྱུན་ཐོན་ནད་གཞི་རྫོང་དང་ཆུས་ནས་བཅོས་ཐུབ་པས། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་2015ལོའི་ལོ་68.2ནས་ལོ་72.19བར་མཐོ་རུ་ཕྱིན་ཡོད། རོགས་སྐྱོར་དང་ལེན་ཞུ་མཁན་སློབ་གྲྭ་21གི་དོ་དམ་ཆུ་ཚད་དང་སློབ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། 2023ལོའི་མཐོ་རྒྱུགས་དང་། འབྲིང་རྒྱུགས། སློབ་ཆུང་ཡིག་རྒྱུགས་བཅས་ཀྱི་སྦྱངས་འབྲས་ཀྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་དེ་ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སློབ་ཁྲིད་དཔེ་སྟོན་རྟེན་གཞི་དང་། དགེ་རྒན་གྱི་གསོ་སྦྱོང་རྟེན་གཞི། རིག་ཚན་འཛུགས་སྐྱོང་རྟེན་གཞི་བཅས་སུ་རིམ་གྱིས་འགྱུར་བཞིན་ཡོད་པ་རེད། 


    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།