དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་ཡོན་ཞབས་ཞུ་རུ་ཁག་གིས། གློག་སྤྱོད་དགོས་མཁོ་ལེགས་པར་བསྐངས།

    ​རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིའི་ཏང་འཛུགས་སྐྱོང་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-02

    ལོ་འགོར། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིའི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་ཆབ་མདོའི་ཁེ་ལས་ཁག་ཏུ་བསྐྱོད་ནས། ངོ་ཐུག་གདོང་འཕྲད་ཀྱིས་ལོ་གསར་པའི་གློག་སྤྱོད་ཀྱི་དགོས་མཁོར་ཤེས་རྟོགས་བྱས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་གློག་སྤྱོད་ཀྱི་བདེ་འཇགས་ལ་ཞིབ་བཤེར་དང་གློག་སྤྱོད་ཀྱི་བདེ་འཇཌ་ཤེས་བྱ་དྲིལ་བསྒྲགས་སོགས་བྱས་ཏེ། གློག་མཁོ་འདོན་ཏན་ཏིག་བྱས་ནས་ཁེ་ལས་གློག་སྤྱོད་ལ་སེམས་ཁྲལ་མེད་པ་བྱས་པ་རེད།

    ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་རྒྱུ་ནི་འགན་འཁྲི་ཡིན་ལ་ལས་འགན་ཡང་ཡིན། 2023ལོ་ཚུན་དུ། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིའི་ཏང་ཨུད་ཀྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས“ཁྱེད་ཀྱིས་གློག་བེད་སྤྱོད་གནང་དང་། ང་ཚོས་སེམས་རྩ་འཁོལ་བའི་ཞབས་འདེཌ་ཞུ་ཆོག”ཅེས་པ་དེ་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ཏེ་རང་འགུལ་ངང་ས་གནས་དེ་གའི་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་བསལ་ནས། གློག་སྤྱོད་མཁན་གྱི་དགོས་མཁོ་མགྱོགས་མྱུར་བསྐངས་པ་དང་ཆབས་ཅིག གློག་སྤྱོད་མཁན་གྱི་བློ་ཡིད་ཚིམ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ས་གནས་དེ་གའི་ཁེ་ལས་ཀྱི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    2023ལོའི་ཟླ་8ཚེས་29ཉིན། ཀུང་སིའི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་ཆབ་མདོ་གྲོང་ཁྱེར་དམའ་རིམ་སློབ་འབྲིང་དུ་བསྐྱོད་དེ། གློག་སྤྱོད་ཀྱི་བདེ་འཇགས་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

    2023ལོའི་ཟླ་9ཚེས་21ཉིན། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་རི་བོ་ཆེ་རྫོང་བེའུ་མདའ་གྲོང་ཚོར་བསྐྱོད་དེ། གློག་ཤུགས་སྒྲིག་བཀོད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ལས་དོན་སྤེལ་བ་དང་འབྲེལ། ཞིང་དུད་ལ་གློག་སྤྱོད་བདེ་འཇགས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་སྟོན་བསྡུའི་གློག་སྤྱོད་དགོས་མཁོ་ཤེས་རྟོགས་བྱས་ནས། སྟོན་འབྲུ་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་འབྲུ་མཛོད་ལ་བསྡུ་ཐུབ་པའི་འགན་ལེན་བྱས་པ་རེད།

    རྒྱལ་སྟོན་རིང་གློག་མཁོ་འདོན་བརྟན་པོ་བྱ་ཆེད། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་གློག་དྲ་འཁོར་སྐྱོད་བྱེད་སྟངས་བཀོད་སྒྲིག་ལུགས་མཐུན་བྱས་ནས། གློག་ཤུགས་འགན་ལེན་ཇུས་གཞི་དང་ལས་འཛོལ་འཕྲལ་སྡོམ་སྔོན་ཇུས་ཞིབ་ཕྲ་བཟོ་བ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། བྱེད་ཐབས་མང་པོ་མཉམ་དུ་སྤྱོད་པ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་དམངས་རྣམས་ནས་བདེ་སྐྱིད་ལྡན་པ་དང་དགའ་སྤྲོ་འཁོལ་བའི་རྒྱལ་སྟོན་ཞིག་གཏོང་ཆེད། གཡས་གཞོགས་གཡོན་འདེགས་བྱས་པ་རེད།

    གང་དུ་ཉེན་ཁ་ཆེ་བའི་ལས་འགན་ཡོད་ན་དེ་གར་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་མཁོ་འདོན་ཀུང་སིའི་ཏང་ཡོན་ཚོས་འབད་འཐབ་བྱེད་པའི་གཟུགས་བརྙན་ཡོད།

    2023ལོའི་ཟླ་8པར། སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་སྒར་ཐོག་གྲོང་ཚོའི་ཚོགས་ཆུང་8པར་དྲག་ཆར་གྱིས་རྐྱེན་པས་གྲོང་མིའི་སྡོད་ཁང་ཁག་གཅིག་བརྡིབས་པ་དང་གློག་སྐུད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། གློག་གང་མགྱོགས་གཏོང་ཐུབ་པ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་སྨར་ཁམས་རྫོང་གློག་འདོན་ཀུང་སིའི་ཏང་ཡོན་ཞབས་ཞུ་རུ་ཁག་དང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་གློག་ཤུགས་ཉེན་སེལ་ལས་དོན་སྤེལ་བ་རེད།

    ཞབས་ཞུ་རུ་ཁག་དང་འཕྲལ་སྒྲུབ་རུ་ཁག་གིས་ཉིན་གཉིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། གློག་སྐུད་བསྐྱར་ཁྲིད་ལས་དོན་ལེགས་གྲུབ་བྱུང་ནས་གནོད་འཚེ་ཕོག་པའི་ས་ཁོངས་ལ་གློག་བསྐྱར་དུ་གཏོང་ཐུབ་པ་རེད།

    མི་དམངས་ལ་ཞབས་འདེགས་ཞུ་བའི་ཉམས་བཟང་རེ་རེ་ནི་ཀུང་སིའི་ཏང་ཨུད་ཀྱིས་གློག་ལ་བརྟེན་ནས་འཕེལ་རྒྱས་ལ་རམ་འདེགས་དང་སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་ནས། བོད་ཤར་གྱི་ཁྱིམ་ཚང་ཁྲི་སྟོང་གི་གློག་སྤྱོད་དགོས་མཁོ་འགན་ལེན་མཐའ་གཅིག་ཏུ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།

    2023ལོ་ཚུན་དུ། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་འབྲི་ཆུའི་སྟེང་གི་ཐད་རྒྱུག་དང་། ཀྲ་ལ། རོང་སྨད། སྦལ་མདའ་སོགས་ཆུ་ཤུགས་གློག་ཁང་གི་ཆན་ཧྥུའུ་35ཟིན་པའི་ཨར་ལས་ཀྱི་གློག་སྤྱོད་འབྲེལ་མཐུད་དང་དེ་བཞིན་ས་བབ་མཐོ་བའི་སློབ་གྲྭ་263ལ་དྲོད་གཏོང་གི་གློག་ཁྲིད་པ། གློག་ཤུགས་འགན་ལེན་གྱི་ལས་འགན་ཁག་72ལེགས་སྒྲུབ་བྱས་པ། མྱུར་བཟོའི་ཞབས་ཞུ་དང་། གློག་ཤུགས་འགན་ལེན་གལ་ཆེན། གཙོ་གནད་ལས་གྲྭ་འཛུགས་སྐྲུན་བཅས་ཀྱི་ནང་རིམ་རྩིས་བྱས་ན་ཐེངས་130ཞུགས་པ། གློག་སྤྱོད་ཞིབ་བཤེར་དང་འགྲིམ་འགྲུལ་ཁ་ཏ་སོགས་ཀྱི་བྱེད་སྒོ་ཐེངས་50ལྷག་ཙམ་སྒྲིག་འཛུགས་བྱས་པ། ཏང་ཡོན་388སྡེ་ཁུལ་གྱི“འབྱོར་ཐོ་ཉིས་འགོད”ནང་ཞུགས་པ་དང་ཆབ་མདོ་གྲོང་ཁྱེར་གྱི“རིག་གནས་གསར་གཏོད”ལས་དོན་དང་ཟུང་འབྲེལ་བྱས་ནས་རིམ་རྩིས་བྱས་ན་དང་བླངས་ཞབས་ཞུ་ཐེངས་96སྤེལ་བ། ཆ་སྒྲིག་རོགས་སྐྱོར་གཏིང་ཟབ་བྱས་ནས་གྲོང་སྡོད་ཀུང་སིའི་ལས་དོན་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་མང་ཚོགས་ལ་བྱ་བ་དངོས་དང་དཀའ་ངལ་སེལ་བའི་བྱ་བ་100ལྷག་ཙམ་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།