དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སངས་ལུང་ཤང་གིས།

    ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སྒྲིག་ཁྲིམས་བཅས་ཀྱི་ཤེས་བྱའི་ཚོད་རྒྱུགས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-02

    ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་ཤེས་བྱ་ཁོང་དུ་ཆུད་ཚད་སྔར་བས་ཆེ་རུ་བཏང་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་དཔྱད་དང་སྲ་བརྟན་དུ་གཏོང་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སངས་ལུང་ཤང་གིས་ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས“ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་ཤེས་བྱའི་ཚོད་རྒྱུགས”ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཤེས་བྱའི་ཚོད་རྒྱུགས་ལ་གསང་ཐབས་རྒྱུགས་ལེན་གྱི་བྱ་ཐབས་སྤྱད་ཅིང་། ནང་དོན་ལ་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ཀྱི་ཤེས་བྱ་ཡོད་པ་རེད།

    ད་ཐེངས་ཀྱི་ཤེས་བྱའི་ཚོད་རྒྱུགས་ཀྱི་དམིགས་ཡུལ་ནི་ཏང་ཡོན་ལས་བྱེད་པའི་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་ནས་ཏང་ཡོན་ལས་བྱེད་པའི་ལྟེ་བར་ཕྱོགས་ནུས་དང་དམག་འཐབ་བྱེད་ནུས་ཆེ་རུ་གཏོང་ཆེད་རེད།

    ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་བརྒྱུད། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་སློབ་སྦྱོང་བྱེད་པའི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་ཐུབ་ནས་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་དང་ལས་ཀའི་སྒྲིག་ལམ་ནན་དུ་ཕྱིན་ཡོད།

    གོམ་སྟབས་རྗེས་མར། སངས་ལུང་ཤང་གིས་དེའི་རིགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་མུ་མཐུད་སྤེལ་ནས། སློབ་སྦྱོང་ལ་བརྟེན་ནས་ཡར་རྒྱས་ལ་སྐུལ་འདེད་དང་སློབ་སྦྱོང་ལ་བརྟེན་ནས་འཇོན་ཐང་ལ་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པས་དད་སེམས་བརྟན་པོ་དང་། དམངས་ལ་ཞབས་འདེགས་ཞུ་བ། སྲིད་བརྩོན་དོན་གཉེར། འགན་འཁྲི་འཁུར་ཕོད་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་ལས་བྱེད་པ་ཡག་པོ་ཞིག་བརྩོན་ལེན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།