དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆུ་ཤུར་རྫོང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-01

    ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྐོར་གྱི་གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་པ། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་པ། “ལོ་ལྔའི་སྔོ་ལྗང་ནུས་སྐྱེད་དང་ལོ་བཅུའི་སྔོ་ལྗང་ལྷ་སའི”དམིགས་ཚད་མངོན་འགྱུར་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་ཆེན་པོ་བཞིའི”འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་རྫོང་རང་བྱུང་ཐོན་ཁུངས་ཅུས་དང་མཉམ་དུ་ལྷོ་བྱང་རིའི་སྔོ་འགྱུར་སྲུང་སྐྱོང་དྲིལ་བསྒྲགས་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་རྫོང་གྲོང་གི་ལྷོ་བྱང་རི་བོ་ནགས་བཟོ་སྔོ་འགྱུར་ལས་གྲྭའི་ཁུལ་ཁོངས་གལ་ཆེན་དུ་དྲིལ་བསྒྲགས་སྲུང་སྐྱོབ་བྱང་བུ་20བཙུགས་པ་རེད། སྲུང་སྐྱོབ་བྱང་བུ་དེ་དག་གིས《ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་དོ་དམ་སྲོལ་ཡིག》ལ་གཞིགས་ནས་རྒྱུན་དུ་མཐོང་བའི་སྔོ་འགྱུར་ལ་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་ལ་དམིགས་ཏེ“གཏན་འགོག་བདུན”གྱི་ཟུར་ཚད་ཐོག་ནས་མང་ཚོགས་ལ་སྔོ་ལྗང་ནུས་སྐྱེད་དང་ནགས་སྐྱོང་སྔོ་གཅེས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། ཁོང་ཚོར་ནགས་ཤིང་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཐེར་འདོན་བྱ་རྒྱུར་ལྕག་སྐུལ་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ“ལག་རྩལ་སྦྱོང་བརྡར་དང་ཁྲིམས་ལུགས་དྲིལ་བསྒྲགས”ཟུང་དུ་འབྲེལ་བའི་སློབ་ཁྲིད་བྱས་ནས་ས་གནས་ས་ཐོག་ཏུ་གདན་དྲངས་པའི་ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་མཐོ་རིམ་བཟོ་བཀོད་བུ་རྡོར་གྱིས་སྡོང་ཕྲུག་འདེབས་འཛུགས་དང་། འདེབས་གསོ། དོ་དམ་སྲུང་སྐྱོང་བཅས་ཀྱི་རྩལ་ནུས་འཆད་ཁྲིད་བྱས་པ་རེད། གཞན་ཡང་། ཆུ་ཤུར་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་ཉི་མ་སྒྲོལ་དཀར་གྱིས་ནགས་ཤིང་རྐུ་གཅོད་དང་རང་དགར་གཅོད་པའི་ནག་ཉེས་དང་དེ་བཞིན་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་དམངས་དོན་སྤྱི་ཕན་གཏུག་བཤེར་དང་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འགན་ནུས་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་རེད། བྱེད་སྒོའི་ནང་ད་དུང་སྤྱི་ཕན་གཏུག་བཤེར་གྱི་དྲིལ་བསྒྲགས་དཔྱད་ཡིག་དང་། ཐེར་འདོན་ཁ་པར་བྱང་བུ། དྲིལ་བསྒྲགས་དངོས་པོ་སོགས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།