དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྟོད་ལུང་བདེ་ཆེན་ཆུས་ཀྱིས་དབུལ་ལོག་སྔོན་འགོག་བྱ་ཡུལ་དུད་ཚང་དུ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-01

    དབུལ་ལོག་སྔོན་འགོག་ལས་དོན་ཡག་པོ་སྤེལ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཆ་འཕྲིན་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་དོན་པས་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཤན་འབྱེད་ཀྱི་ཚད་གཞིར་ནན་པོར་གཞིགས་ནས་གནས་ཆུང་ཁྲོམ་གཞུང་སེར་མ་སྡེ་ཁུལ་གྱི་ཞིང་པ་ཟླ་སྒྲོན་གྱི་ཁྱིམ་ལ་ཞིབ་བཤེར་བྱེད་པར་བསྐྱོད་པ་རེད།

    དུད་ཚང་དུ་ཞིབ་བཤེར་བྱེད་པར་བསྐྱོད་རིང་། སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཆ་འཕྲིན་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་དོན་པས་དབུལ་ལོག་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དམིགས་ཚད་བླང་བྱར་ནན་པོར་གཞིགས་ཏེ། གྲོང་ཚོའི“ཨུ་ལྷན་གཉིས”དང་དོ་བདག་ལ་འདྲི་བ་སོགས་ཀྱི་བྱ་ཐབས་བརྒྱུད། ཟླ་སྒྲོན་ཁྱིམ་གྱི་གཞི་རྩའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས། “སེམས་ཁྲལ་མེད་པ་གཉིས་དང་། འགན་ལེན་གསུམ”དང་། འཐུང་ཆུ་གཙང་མ་ཡོད་མེད། ཁྱིམ་ཚང་གི་ཡོང་འབབ་དང་མིག་སྔའི་དབུལ་ལོག་རྒྱུ་རྐྱེན་གཙོ་བོ་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་འདྲི་རྩད་དང་ཞིབ་བཤེར་བྱས་པ་མ་ཟད། དམངས་སྲིད་སྡེ་ཚན་དང་མཉམ་དུ་ཟླ་སྒྲོན་ཁྱིམ་གྱི་རྒྱུ་ནོར་གནས་ཚུལ་ལ་མཐིལ་རྟོགས་དང་ཕྱོགས་ཡོངས་ནས་དབྱེ་ཞིབ་ཀྱིས་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་ལས་དོན་གནད་འཁེལ་ཡོང་བ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དུད་ཚང་དུ་བསྐྱོད་དེ་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་1དང་མི་གྲངས་4དང་འབྲེལ་བའི་འདུན་ཞུར་ཞིབ་བཤེར་བྱས་ཤིང་། སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱི་ལས་དོན་པས་ང་ཚོས་མུ་མཐུད་གྲོང་རྡལ(ཁྲོམ་གཞུང)གྱི་ཆེད་བསྐོས་ལས་བྱེད་པ་དང་སྔར་བས་འབྲེལ་མཐུད་ཡག་པོ་བྱས་ནས། དམངས་སྲིད་སྡེ་ཚན་དང་མཉམ་དུ་ཞིང་དུད་ཀྱི་ཞིབ་ཕྲའི་རྒྱུ་ནོར་གྱི་གནས་ཚུལ་བདེན་མིན་ལ་བརྟག་དཔྱད་ཡག་པོ་བྱས་ནས་ལྟ་ཞིབ་ཚད་ལེན་དུད་ཚང་དུ་བཅུག་དགོས་མིན་ཐད་མུ་མཐུད་དབྱེ་ཞིབ་བརྡར་གཅོད་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།