དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་གྲོན་ཆུང་དང་། ཆུ་སྲུང་སྐྱོང་། ཆུ་ལ་དགའ་ཞེན་བཅས་ཀྱི་སྤྱོད་བཟང་དར་སྤེལ་བཏང་བ།

    ལྷ་ས་གྲོང་ཁྱེར་ཆུ་ཀ་ལ་བཟོ་གྲྭའི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-01

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཀ་ལ་ཀུང་སིས་གྲྭ་བཞི་ཁྲོམ་གཞུང་ཤང་དབྱང་སྡེ་ཁུལ་གྱི་གྲོང་མི་རང་འབབ་ཆུ་འདྲེན་ཀུང་སིར་གདན་དྲངས་ནས་ཆུ་འདྲེན་བཟོ་གྲྭའི་སྒོ་འབྱེད་ཉིན་མོའི་བྱེད་སྒོར་ཞུགས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ཆུ་ཀ་ལ་བཟོ་གྲྭའི་ལས་དོན་མི་སྣས་ཆུ་གཙང་གསིང་གི་བརྒྱུད་རིམ་ལྟར། ལྟ་སྐོར་བའི་སྣེ་ཁྲིད་དེ་ཆུ་ལེན་ས་དང་། རིམ་གཉིས་སྙིགས་གསིང་རྫིང་བུ། བྱེ་ཚགས་རྫིང་བུ། དྭངས་གཙང་རྫིང་བུ། ལྟེ་བའི་ཚོད་འཛིན་ཁང་། ཆུ་སྤུས་རྫས་འགྱུར་ཞིབ་དཔྱད་ཁང་སོགས་ཐོན་སྐྱེད་ས་ཚིགས་ལ་སྔ་རྗེས་སུ་ཡོང་ནས་ཀ་ལའི་ཆུ་འཚོལ་བསྡུ་དང་། ཆུ་སྤུས་གཙང་བཟོ། དུག་སེལ། ཆུ་སྤུས་ཞིབ་དཔྱད་ཚད་ལེན་སོགས་ཀྱི་བརྒྱུད་རིམ་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། ས་གནས་ས་ཐོག་ཏུ་ལས་རིམ་གསལ་བོར་བསྟན་པ་བརྒྱུད་ཚང་མས་བརྒྱུད་རིམ་ཧྲིལ་པོ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པར་མ་ཟད། ད་དུང་འཐུང་ཆུའི་བདེ་འཇགས་སྐོར་ཀྱི་ཤེས་བྱ་དང་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་པ་རེད།

    “འཚོ་བའི་ཁྲོད་ཀྱི་སྤྱིར་བཏང་གི་རང་འབབ་ཆུ་ནི་སྤྱིར་བཏང་ཞིག་གཏན་ནས་མིན་པར། ལས་རིམ་མང་པོ་དེ་འདྲ་བརྒྱུད་གཙང་སྒྱུར་བྱེད་དགོས་ཀྱི་འདུག ཐེངས་འདིའི་ལྟ་སྐོར་གྱི་མཐོང་ཐོས་བརྒྱུད་སླད་ཕྱིན་ཆུ་སྤྱོད་པའི་སྐབས་ཀྱི་སེམས་ཁྲལ་ཡོངས་སུ་བསལ་བས་བློ་བདེ་པོ་བྱུང་སོང་། ང་རང་གིས་ཀྱང་རང་ཉིད་ནས་འགོ་བཙུགས་ཏེ་ཆུ་གྲོན་ཆུང་ཧུར་ཐག་བྱ་རྒྱུ་ཡིན”ཞེས་ཤང་དབྱང་སྡེ་ཁུལ་གྱི་གྲོང་མི་ཆོས་སྒྲོན་གྱིས་བཤད།

    ལྷ་ས་གྲོང་ཁྱེར་རང་འབབ་ཆུ་འདྲེན་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཆུ་འདྲེན་བཟོ་གྲྭའི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་མུ་མཐུད་སྤེལ་ནས། སྤྱོད་མཁན་དེ་བས་མང་པོས་ཚད་ལྡན་གྱི་རང་འབབ་ཆུ་ཐོན་སྐྱེད་བྱ་རིམ་ཤེས་རྟོགས་ཐུབ་པར་བྱ་རྒྱུ་དང་ཆབས་ཅིག ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོང་བྱེད་པའི་དགོས་ངེས་རང་བཞིན་དང་། དགོས་གཏུག་རང་བཞིན། གལ་ཆེའི་རང་བཞིན་བཅས་ངོས་འཛིན་ཐུབ་པར་བྱས་ནས་སྤྱི་ཚོགས་ཡོངས་སུ་ཆུ་གྲོན་ཆུང་དང་། ཆུ་ལ་སྲུང་སྐྱོང་། ཆུ་ལ་དགའ་ཞེན། ཆུ་ལ་གཅེས་སྤྲས་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།