ལྷོ་ཨ་ཧྥེ་རི་ཁར་དམངས་གཙོ་དང་རང་དབང་ཐོབ་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བ།
འདི་ནི་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡར་དམངས་ཚོགས་ཀྱིས་རང་དབང་ཉིན་མོའི་རྟེན་འབྲེལ་མཛད་སྒོར་ཞུགས་བཞིན་པ།
ཉེ་ཆར། ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡའི་མཉམ་འབྲེལ་ཐོག་ཁང་མདུན་དུ་རང་དབང་ཉིན་མོའི་རྟེན་འབྲེལ་མཛད་སྒོ་འཚོགས་ཏེ་ལྷོ་ཨ་ཧྥེ་རི་ཁར་དམངས་གཙོ་དང་རང་དབང་ཐོབ་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད། 1994ལོའི་ཟླ་4ཚེས་27ཉིན་ལྷོ་ཨ་ཧྥེ་རི་ཁའི་ལོ་རྒྱུས་ཐོག་གི་རིགས་རྒྱུད་འདྲ་མཉམ་མཚོན་པའི་རྩ་ཁྲིམས་ཁག་དང་པོ་དེར་ནུས་པ་ཐོན་པ་དང་ཉིན་དེ་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་སྟོན་ཉིན་མོར་གྱུར་ཡོད་ལ་རང་དབང་ཉིན་མོ་ཡང་བརྗོད་སྲོལ་ཡོད་པ་རེད།