སྤྱི་ཕན་གྱི་ཤིང་འཛུགས་བྱེད་སྒོ་སྤེལ་བ།
ཟླ་4ཚེས་28ཉིན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་། བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ། བོད་ལྗོངས་སྨྱན་སྦྱོར་ཚོགས་པ་བཅས་ཀྱིས་མཉམ་དུ་གཉེར་བའི“ལྷོ་རི་བྱང་རིར་མཉམ་དུ་འཛོམས། སྐྱེ་ཁམས་ནགས་ཚལ་མཉམ་དུ་སྐྲུན། བོད་ལ་ང་ཡིས་བཏབ་པའི་ལྗོན་ཤིང་ཞིག་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་ཤིང་འཛུགས་ཀྱི་བྱེད་སྒོ་ཆེ་གྲས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དུ་ཡོད་པའི་འཛུགས་སྐྲུན་དངུལ་ཁང་གི་ནགས་བཟོ་བྱ་ཡུལ་དུ་སྤེལ་བ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་དང་། བོད་ལྗོངས་སློབ་ཆེན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་སོགས་ལས་ཁུངས་ཀྱི་ལས་བཟོ་དང་། སྡེ་ཁུལ་གྱི་གྲོང་མི། སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མ་བཅས་ཚུད་པའི་དང་བླངས་པ་100ལྷག་ཙམ་གྱིས་མཉམ་དུ་ལས་བགོས་དང་མཉམ་ལས་བྱས་ནས་སྡོང་ཕྲུག་གསར་པ་རེ་རེ་བཞིན་བཙུགས་པ་རེད།
འདི་ནི་དང་བླངས་པ་ཚོས་ཤིང་འཛུགས་བཞིན་པ།
འདི་ནི་དང་བླངས་པ་ཚོས་སྡོང་ཕྲུག་ལ་བཀལ་བའི་སྨོན་ཚིག་ཡིན་པ།