ཀྲུང་གོའི་གློག་སྒུལ་རླངས་འཁོར་ཁྲོམ་ར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།
འདི་ནི་ཧང་ག་རའི་རྒྱལ་ས་པུ་ཏ་ཕེ་སིར་འགྲེམས་སྟོན་བྱས་པའི་པི་ཡཱ་ཏི་གློག་སྒུལ་རླངས་འཁོར་ཡིན་པ། (ཧྥུར་ཅི·ཨོ་ཏི་ལུའོ་ཡིས་པར་བླངས)
ཀྲུང་གོའི་གློག་སྒུལ་རྐྱང་པའི་རླངས་འཁོར་བཟོ་གྲྭ་ཆེ་ཤོས་ཡིན་པའི་པི་ཡཱ་ཏི་སྤྱི་ཁྱབ་པུའུ་གནས་ཡུལ་ཧྲེན་ཀྲེན་ནི་ཀྲུང་གོར་སྤྱི་པའི་འགྲིམ་འགྲུལ་ཁྱོན་ཡོངས་ནས་གློག་སྒུལ་ཅན་མངོན་དུ་གྱུར་པའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན། གློག་སྒུལ་རླངས་འཁོར་ཁྱབ་ཚད་ན་ནིང་67.9%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་35.7%དང་བསྡུར་ན་ལྡབ་གཅིག་ཙམ་གྱིས་མཐོ་བ་ཡོད།
གློག་སྒུལ་རླངས་འཁོར་ཐོན་ལས་ནི་ཀྲུང་གོས་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཡིན་ལ། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་དུ་འགྱུར་བའི་འགག་རྩའི་དམ་འཛིན་བྱ་གཞིའི་གྲས་ཤིག་ཀྱང་ཡིན། འོན་ཀྱང་འཛད་སྤྱོད་པ་ཕལ་ཆེ་བའི་ངོས་ནས་བརྗོད་ན། གློག་སྒུལ་རླངས་འཁོར་བེད་སྤྱོད་གཏོང་བ་ནི་ཐག་ཐུང་སྐྱེལ་འདྲེན་གྱི་མ་གནས་དམའ་རུ་གཏོང་ཆེད་རེད།
ལོ་འདི་དག་རིང་། ཀྲུང་གོའི་གློག་སྒུལ་རླངས་འཁོར་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པའི་གསར་འགྱུར་ཡང་ཡང་གཏོང་སྤེལ་བྱེད་ཀྱི་ཡོད་པ་དང་། ཟླ་བ་གོང་མའི་ཟླ་མཇུག་གི་ཞའོ་སྨི་གློག་སྒུལ་རླངས་འཁོར་ཆུང་གྲས་ཁྱབ་བསྒྲགས་མཛད་སྒོ་ཆེན་པོར་ཡང་གོ་ལ་ཧྲིལ་པོའི་དོ་སྣང་བྱུང་ཡོད། གཞུང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁེ་ལས་ཀྱི་སྐུལ་འདེད་འོག ཀྲུང་གོའི་གློག་སྒུལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོའི་འགྲུལ་སྐྱེལ་རླངས་འཁོར་ཁྲོམ་རའི་ཆ་འཕྲིན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲངས་གཞི་ལྟར་ན། 2023ལོར་ཀྲུང་གོའི་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་སིལ་འཚོང་བྱེད་ཚད་ཁྲི་773.6ཟིན་པ་དེ་དུས་མཚུངས་ལས་36.2%འཕར་ཡོད་པ་རེད།
—— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།