དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཚོང་ཟོག་ཉོ་བ་ནས་ཞབས་འདེགས་ཞུ་བའི་བར།

    ཧིན་རྡུ་ཉི་ཞི་ཡའི་སིལ་ཚོང་ཚོང་པ་ཆེ་གྲས་ཀྱིས་ཀོང་ཀྲོའུ་ཚོང་འདུས་ལ་བརྟེན་ནས་ཚོང་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-29

    འདི་ནི་ཀྲུའུ་ཀྲེ་ཝེ(གཡོན་གྱི་དང་པོ)ཡིས་ཁ་ཆད་ལྟར་ཚོང་ཤག་གི་འགྲེམས་གནས་སུ་ཡོང་བ།

    “ད་ཐེངས་ཀྱི་ཀོང་ཀྲོའུ་ཚོང་འདུས་ལ་ང་ཚོ་ཉོ་སྒྲུབ་མི་སྣ་130ལྷག་ཙམ་དངོས་ཟོག་ཉོ་བར་ཡོང་བ་ཡིན”ཀོང་ཀྲོའུ་ཚོང་འདུས་ནང་ཐེངས་མང་ཞུགས་མཁན་ཧིན་རྡུ་ཉི་ཞི་ཡའི་སིལ་ཚོང་ལས་རིགས་ཆེ་གྲས་ཁྲང་ཡིའུ་ཚོགས་པའི་ཉོ་སྒྲུབ་སྤྱི་ཁྱབ་ལྟ་ཞིབ་པ་ཀྲུའུ་ཀྲེ་ཝེ་ཡིས“ཉོ་མི་ཐུབ་པའི་ཚོང་ཟོག་མི་འདུག”ཅེས་ཚོར་སྣང་ཟབ་མོས་བཤད། “ཆུང་བ་སོ་འཁྲུ་གཅིག་ནས་ཆེ་བ་རླངས་འཁོར་གཅིག་བར་དེ་གར་ཁྱེད་ཀྱིས‘གཅིག་འཐུས་རྣམ་པའི’ཐོག་ནས་ཚོང་ཟོག་སྣ་ཚོགས་ཉོ་སྒྲུབ་བྱེད་ཐུབ”ཅེས་བརྗོད། ཀྲུང་གོའི་ཚོང་ཟོག་སྣ་ཚོགས་ཁྲང་ཡིའུ་ཚོགས་པས་ཉོ་སྒྲུབ་བྱས་ཏེ་ཧིན་རྡུ་ཉི་ཞི་ཡའི་མི་སེར་གྱི་ཁྱིམ་དུ་སྤྱོད་ཀྱི་ཡོད།

    ཀྲུའུ་ཀྲེ་ཝེ་ཡིས་ངོ་སྤྲོད་བྱས་པར། ཁྲང་ཡིའུ་ཚོགས་པ་1995ལོ་ནས་བཟུང་ཀོང་ཀྲོའུ་ཚོང་འདུས་ནང་ཞུགས་པ་དང་། ཉེ་བའི་ལོ་གཉིས་ནང་ཁྲང་ཡིའུ་ཚོགས་པས་ཚོང་ཟོག་ཉོས་པ་མ་ཟད། ད་དུང་ཀོང་ཀྲོའུ་ཚོང་འདུས་ལ་ཞབས་འདེགས་ཀྱང་ཞུ་གི་ཡོད། མིག་སྔར་ཁྲང་ཡིའུ་ཚོགས་པ་དེ་ཧིན་རྡུ་ཉི་ཞི་ཡའི་སིལ་ཚོང་ཚོང་པ་ཆེ་གྲས་དང་བཟོ་ལས་ཐོན་སྐྱེད་མཁོ་འདོན་ཚོང་པ་དང་པོར་གྱུར་ཡོད་པ་རེད།

    སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཐོག་ཁྲང་ཡིའུ་ཚོགས་པའི་ཁོངས་གཏོགས་ཀྱི་ལག་ཆའི་རིགས་ཀྱི་སྤུས་རྟགས་KRISBOWཡིས་ནང་འདྲེན་འགྲེམས་ཁུལ་གྱི་མངོན་གསལ་དོད་སར་འགྲེམས་གནས་ཆེན་པོ་ཞིག་བཙུགས་ནས་རང་ཉིད་ཀྱི་སྤུས་རྟགས་དང་ཐོན་རྫས་འོས་སྦྱོར་བྱས་ཡོད། ཁྲང་ཡིའུ་ཡིས་ཀོང་ཀྲོའུ་ཚོང་འདུས་ཀྱི་ལས་སྟེགས་ཆེན་པོ་དེར་བརྟེན་ནས་གོ་ལ་ཧྲིལ་པོར་ཚོང་ཟོག་འཚོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།