དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སློབ་མའི་སེམས་ཁམས་འཚར་ལོངས་ལ་སྲུང་སྐྱོང་བྱ་ཆེད།

    རང་ལྗོངས་ཀྱིས་སེམས་ཁམས་བདེ་ཐང་གི་རྐང་འཛིན་དགེ་རྒན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-29

    ཟླ་4ཚེས་25ཉིན། ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སེམས་ཁམས་བདེ་ཐང་གི་རྐང་འཛིན་དགེ་རྒན་གྱི་ལས་སྒོའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་5ཡིན་པ་དང་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སེམས་ཁམས་བདེ་ཐང་གི་རྐང་འཛིན་དགེ་རྒན་80ལྷག་ཙམ་ཞུགས་ཡོད་པ་རེད།

    གསོ་སྦྱོང་ཁྲོད་སློབ་གསོ་པུའུ་རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་དང་ཁྲུང་ཆིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གསུམ་པ་སོགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བྱས་ཏེ། སེམས་ཁམས་བློ་འདྲི་དང་ཟུར་ཁྲིད་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་ཚད་འཇལ་དབྱེ་འབྱེད། དེ་བཞིན་རྒྱུན་མཐོང་གི་གསོ་བཅོས་སོགས་ལ་དམིགས་ནས། སློབ་མའི་སེམས་ཁམས་བདེ་ཐང་གི་ལས་དོན་ཁྲོད་ཐོན་སྲིད་པའི་རྒྱུན་མཐོང་གི་གནད་དོན་ལ་ལན་འདེབས་པ་དང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ཐག་གཅོད་བྱེད་ཐབས་སྤེལ་རེས་བྱས་ཏེ་ཚང་མས་སློབ་མའི་སེམས་ཁམས་གནད་དོན་གྱི་དབྱེ་འབྱེད་ནུས་པ་དང་། ཐེ་ཇུས་ནུས་པ། ཁྲིད་སྟོན་ནུས་པ་བཅས་ཆེ་རུ་གཏོང་རོགས་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། སེམས་ཁམས་བདེ་ཐང་གི་གནད་དོན་དེ་དར་མ་དང་ལས་རིགས་ཚོགས་པ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་ཚོགས་པ་བར་རིམ་བཞིན་མཆེད་འགྲོ་བ་དང་འབྲེལ“ལོ་ཆུང་ཅན”དུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། རང་ལྗོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་ཐོན་ཚད་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་རང་ལྗོངས་ཀྱིས་སློབ་མའི་སེམས་ཁམས་བདེ་ཐང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། ངལ་རྩོལ་ལག་ལེན་སློབ་གསོར་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་སློབ་མའི་བདེ་ཐང་བྱང་ཚད་ལྟ་ཞིབ་ཚད་ལེན་དང་སེམས་ཁམས་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་ཡོད། སློབ་གསོ་སྡེ་ཚན་གྱིས་རིམ་ཁག་སློབ་གྲྭར་ལུས་རྩལ་དང་། མཛེས་རྩལ། ངལ་རྩོལ་སློབ་གསོའི་སློབ་ཚན་བཅས་ཡག་པོ་འཁྲིད་རྒྱུར་སྐུལ་འདེད་བཏང་ནས། སློབ་མས་ཉིན་ལྟར་སྦྱོང་བརྡར་ཆུ་ཚོད་གཅིག་བྱེད་རྒྱུ་མཐའ་འཁྱོངས་དང་། སློབ་མར་ངལ་རྩོལ་གྱི་གོམས་གཤིས་བཟང་པོ་འཇགས་པར་བྱེད་པ། སློབ་གྲྭའི་སེམས་ཁམས་ཟུར་ཁྲིད་ཁང་འཛུགས་པར་ཤུགས་སྣོན་རྒྱག་པ། རྫོང་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་ཟུར་ཁྲིད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “གཉིས་ཡང”གི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། སློབ་ཚན་སློབ་ཁྲིད་དང་སློབ་ཚན་རྗེས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སློབ་མའི་སེམས་ཁམས་འཚར་ལོངས་ལ་ནུས་ཤུགས་ཡོད་རྒུས་གཡས་གཞོགས་གཡོན་འདེགས་བྱེད་རྒྱུ་རེད། སློབ་མའི་སེམས་ཁམས་འཚར་ལོངས་ལ་སྲུང་སྐྱོང་བྱ་ཆེད།

    རང་ལྗོངས་ཀྱིས་སེམས་ཁམས་བདེ་ཐང་གི་རྐང་འཛིན་དགེ་རྒན་གསོ་སྦྱོང་བྱས་པ།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་25ཉིན། ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སེམས་ཁམས་བདེ་ཐང་གི་རྐང་འཛིན་དགེ་རྒན་གྱི་ལས་སྒོའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་5ཡིན་པ་དང་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སེམས་ཁམས་བདེ་ཐང་གི་རྐང་འཛིན་དགེ་རྒན་80ལྷག་ཙམ་ཞུགས་ཡོད་པ་རེད།

    གསོ་སྦྱོང་ཁྲོད་སློབ་གསོ་པུའུ་རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་དང་ཁྲུང་ཆིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གསུམ་པ་སོགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བྱས་ཏེ། སེམས་ཁམས་བློ་འདྲི་དང་ཟུར་ཁྲིད་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་ཚད་འཇལ་དབྱེ་འབྱེད། དེ་བཞིན་རྒྱུན་མཐོང་གི་གསོ་བཅོས་སོགས་ལ་དམིགས་ནས། སློབ་མའི་སེམས་ཁམས་བདེ་ཐང་གི་ལས་དོན་ཁྲོད་ཐོན་སྲིད་པའི་རྒྱུན་མཐོང་གི་གནད་དོན་ལ་ལན་འདེབས་པ་དང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ཐག་གཅོད་བྱེད་ཐབས་སྤེལ་རེས་བྱས་ཏེ་ཚང་མས་སློབ་མའི་སེམས་ཁམས་གནད་དོན་གྱི་དབྱེ་འབྱེད་ནུས་པ་དང་། ཐེ་ཇུས་ནུས་པ། ཁྲིད་སྟོན་ནུས་པ་བཅས་ཆེ་རུ་གཏོང་རོགས་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། སེམས་ཁམས་བདེ་ཐང་གི་གནད་དོན་དེ་དར་མ་དང་ལས་རིགས་ཚོགས་པ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་ཚོགས་པ་བར་རིམ་བཞིན་མཆེད་འགྲོ་བ་དང་འབྲེལ“ལོ་ཆུང་ཅན”དུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། རང་ལྗོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་ཐོན་ཚད་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་རང་ལྗོངས་ཀྱིས་སློབ་མའི་སེམས་ཁམས་བདེ་ཐང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། ངལ་རྩོལ་ལག་ལེན་སློབ་གསོར་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་སློབ་མའི་བདེ་ཐང་བྱང་ཚད་ལྟ་ཞིབ་ཚད་ལེན་དང་སེམས་ཁམས་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་ཡོད། སློབ་གསོ་སྡེ་ཚན་གྱིས་རིམ་ཁག་སློབ་གྲྭར་ལུས་རྩལ་དང་། མཛེས་རྩལ། ངལ་རྩོལ་སློབ་གསོའི་སློབ་ཚན་བཅས་ཡག་པོ་འཁྲིད་རྒྱུར་སྐུལ་འདེད་བཏང་ནས། སློབ་མས་ཉིན་ལྟར་སྦྱོང་བརྡར་ཆུ་ཚོད་གཅིག་བྱེད་རྒྱུ་མཐའ་འཁྱོངས་དང་། སློབ་མར་ངལ་རྩོལ་གྱི་གོམས་གཤིས་བཟང་པོ་འཇགས་པར་བྱེད་པ། སློབ་གྲྭའི་སེམས་ཁམས་ཟུར་ཁྲིད་ཁང་འཛུགས་པར་ཤུགས་སྣོན་རྒྱག་པ། རྫོང་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་ཟུར་ཁྲིད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “གཉིས་ཡང”གི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། སློབ་ཚན་སློབ་ཁྲིད་དང་སློབ་ཚན་རྗེས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སློབ་མའི་སེམས་ཁམས་འཚར་ལོངས་ལ་ནུས་ཤུགས་ཡོད་རྒུས་གཡས་གཞོགས་གཡོན་འདེགས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།