དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཡུལ་ཤུལ་ཀྲོའུ་ཡི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་སྐྱེ་ཁམས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-29

    ཟླ་4ཚེས་24ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཨུད་དང་ཀྲོའུ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ཡི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་སྐྱེ་ཁམས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་ཤིང་། དྲ་ཐོག་དང་དྲ་ཕྱི་ནས་ཡུལ་ཤུལ་གྱི་ཐུན་མིན་ཞིང་འབྲོག་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་རྫས་འོས་སྦྱོར་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་ས་གནས་གཉིས་ཀྱི་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མིས་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་མཉམ་ལས་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མཉམ་ལས་ལ་དམིགས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ཡོད། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་དགྲ་འདུལ་གྱིས། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་སྤུས་ཚད་མཐོ་ཞིང་ལས་ཕྱོད་ཆེ་བ་དང་། གྲོང་གསེབ་གནས་འཕྲོད་ལས་འཚམ། ཞིང་པ་ཕྱུག་པོར་འགྱུར་བ་བཅས་ལ་གཞི་ཚུགས་ཏེ། གྲོང་གསེབ་ཀྱི་ཐོན་ལས་མཐོར་གཏོང་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་ས་གཙང་གནོད་མེད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། སྣེ་འདྲེན་སྐྱེད་སྲིང་དང་། རྟེན་གཞི་འཛུགས་པ། ལས་སྣོན་བྱེད་པ། སྤུས་རྟགས་གཏོད་པ། ཚོང་གཉེར་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ཏེ། ཐོན་ལས་འཁོར་འབྲེལ་སྣུར་བསྲིང་དང་། མཁོ་སྤྲོད་འཁོར་འབྲེལ་ཕུན་སུམ་ཚོགས་སུ་གཏོང་བ། རིན་ཐང་འཁོར་འབྲེལ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་གསར་སྤེལ་ལ་མུ་མཐུད་སྐུལ་འདེད་བཏང་བ་ལས“ལྷ་སའི་ས་གཙང”ཁུལ་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད། སླད་ཕྱིན་ལྷ་ས་གྲོང་ཁྱེར་གྱིས་ཡུལ་ཤུལ་ཀྲོའུ་དང་མཉམ་ལས་མཉམ་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ལྷ་སའི་ཞིང་འབྲོག་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།