དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་ཚིགས་དང་པོར་མཚོ་སྔོན་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས“མཐོར་གཏོང་གསུམ”གཙོ་གནད་དུ་བྱས་ནས“ཤུགས་སྣོན་གཉིས”ལ་སྣང་ཆེན་བྱས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་བས་འདེབས་འཛུགས་གྲུབ་ཆ་ལེགས་སུ་འགྲོ་བ་དང་། ཐོན་སྐྱེད་གཉེར་སྐྱོང་བརྟན་དུ་འགྲོ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་འགྲོ་བ། རྣམ་གྲངས་ཁག་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་བྱེད་པ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་འཕར་བ། གྲོང་གསེབ་བཅོས་སྐྱོང་ཚད་ལྡན་དུ་འགྲོ་བ་བཅས་ཀྱི་ཁྱད་ཆོས་དྲུག་མངོན་པ་དང་། ཐོན་ལས་དང་པོའི་འཕར་ཐང་5.8%འཕར་ནས་ཉེ་བའི་ལོའི་རིང་གི་མཐོ་ཤོས་བཏོད་པ་དང་དུས་ཚིགས་དང་པོ་འགོ་ཚུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    ཞིང་ཆེན་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་བརྟན་པོ་རྒྱུན་འཁྱོངས་ཐུབ་པ། འདེབས་འཛུགས་གྲུབ་ཆར“འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་། པད་ཁ་འདེབས་ཁྱོན་ཆེ་བ། སྔོ་ཚལ་མང་བ”བཅས་ཀྱི་རྣམ་པ་མངོན་ཡོད། མིག་སྔའི་བར་དཔྱིད་འདེབས་རྒྱ་ཁྱོན་སྤྱི་ཆིང་ཁྲི་22.89ལེགས་གྲུབ་ཟིན་པ་དེ་འདེབས་འཛུགས་འཆར་གཞིའི་བཅུ་ཆ་4ལས་བརྒལ་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་སྔོ་ཚལ་གྱི་རྒྱ་ཁྱོན་དང་ཐོན་འབབ་གཉིས་ཀ་འཕར་ཏེ་དུས་མཚུངས་ལས་0.4%འཕར་ཡོད། སྲིད་གཞུང་གི་ཁ་གསབ་དང་ནོར་ལུག་བཤས་གཏོང་གི་བྱ་དགའ་སྤྲོད་པ་སོགས་ཀྱི་སྲིད་ཇུས་འོག་དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་ཕྱུགས་རིགས་གཙོ་བོ་བཤས་གཏོང་ཚད་རྒྱུན་མཐུད་འཕར་བ་དང་ཕག་ཤ་དང་། ཚགས་ཤ ལུག་ཤ བྱ་ཤ་བཅས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་6.3ཟིན་ནས་5.1%འཕར་ཞིང་། འབྲི་གཡག་དང་ལུག་སྐྱེ་འཕེལ་ཡག་པོ་བྱུང་བ་དང་ལག་ཡོད་ཕག་མོ་ཁྲི་6.15ཟིན་ནས་ལྗང་མདོག་ལུགས་མཐུན་གྱི་ཁྱབ་ཁོངས་སུ་གནས་པ་དང་འོ་མ་དང་སྒོ་ངའི་ཐོན་ཚད་འཕར་ཡོད། འབྲི་གཡག་ལེགས་འདེམས་ལེགས་གསོ་དང་། བོད་ལུག་རྒྱུད་གཙང་འདེམས་གསོ་བྱེད་པ། ནུས་ཆེའི་གསོ་ཚགས་ལག་རྩལ་ཁྱབ་གདལ་གཏོང་བ་བཅས་བྱས་ནས་འབྲི་གཡག་སྟོང་དང་བོད་ལུག་སྟོང་གི་གསོ་ཚགས་རྟེན་གཞི་ཚད་ལྡན་ཁག་གཅིག་སྤྱོད་འགོ་ཚུགས་ནས་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཆེད། དུད་ཚང་དུ་བཅར་འདྲི་དང་། གཅིག་སྡུད་གྲལ་བཤེར། དྲ་ཐོག་སྙན་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད། བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་རོགས་རམ་བྱེད་དགོས་རིགས་ཚང་མར་རོགས་རམ་བྱས་ཡོད། དབུལ་ལོག་སྔོན་འགོག་དང་ལས་ཞུགས་འགག་སྒྲོལ་བྱ་སྤྱོད་ལག་ལེན་བསྟར་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་ཁྲིད་དང་། རྒུད་གསབ་ལས་སྤྲོད། འཇོན་ཐང་ཅན་གྱི་ལས་གཏོད་ཁྱབ་འགྱེད། ཞིང་ཆེན་ཕྱིའི་མཉམ་ལས་ཕྱིར་གཏོང་། རོགས་སྐྱོར་འཁོར་ཁང་བཀོད་སྒྲིག སྤྱི་ཕན་རང་བཞིན་གྱི་ལས་གནས་ཐ་སྐྱོང་སོགས་ཀྱི་བྱ་ཐབས་ཡག་པོ་སྤྱད་དེ་ལས་ཞུགས་ལ་སྐུལ་འདེད་བཏང་བས་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་ཁྲི་14.9ལས་ཞུགས་ཐུབ་ཡོད། “སྲ་བརྟན་དང་། རིམ་སྤོར། ཕན་སྒྱུར། ལེགས་སྒྲིག”བཅས་གྱི་བླང་བྱ་གཞིར་བཟུང་ད་ཡོད་ཀྱི་རོགས་སྐྱོར་ཐོན་ལས་རྣམ་གྲངས་1921ལ་རིགས་དབྱེ་ཐག་གཅོད་བྱས་ཏེ་སྤུས་ཚད་ལེགས་སུ་བཏང་ཡོད།

    ཞིང་ལས་ལ་སྔ་སྣུར་དུ་མ་འཇོག་བྱས་པས་ཞིང་འབྲོག་ལས་ཐོན་སྐྱེད་འཛུགས་སྐྱོང་རྣམ་གྲངས་ཤར་ནས་ནུབ་བར་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་བྱས་ཏེ། ཤར་ནུབ་མཉམ་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར་8.588དོན་འཁྱོལ་བྱས་ནས་རྣམ་གྲངས་313འཆར་འགོད་བྱས་ཡོད། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་འདྲེ་ཚེར་གྱི་ཐོན་ལས་ཁྱུ་ཚོགས་དང་། ཙོང་ཁའི་སྒྲིག་བཀོད་སྔོ་ཚལ་དང་ས་མཐོའི་སྔོ་ཚལ་ཐོན་ལས་གླིང་བཙུགས་ཏེ་ཞིང་ལས་དང་། རིག་གནས་དང་ཡུལ་སྐོར། ལུས་རྩལ་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་བྱུང་སྟེ་ཞིང་པ་དེ་བས་མང་བ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། དུས་ཚིགས་དང་པོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4263ཟིན་ནས་7.0%འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.5འཕར་ཡོད།

    གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས“ལས་གྲྭ་ཁྲི་སྟོང”མཚོ་སྔོན་ལ་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་ཚད་ལེགས་སུ་གཏོང་བའི་བྱ་སྤྱོད་སྤེལ་ནས་མཛེས་མཐུན་གྲོང་གསེབ་300དང་། གྲོང་གསེབ་ཀྱི་ཐོན་ལས་དཔེ་སྟོན་གྲོང་ཚོ་200 གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་100བཅས་སྐྲུན་འགོ་བཙུགས་ཡོད། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་ཁང་སའི་སྒྱུར་བཅོས་སོགས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།