དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མདའ་བཞི་རྫོང་གིས།

    གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གིས་གཞི་རིམ་གྱི་མངོན་གསལ་དོད་པའི་སྟོན་ཕྱོགས་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་ལྟེ་བར་འཛིན་པ། ཏང་ཡོན་གྱིས་དཔེ་སྟོན་སྒུལ་ཤུགས་སུ་བྱེད་པ། རང་སྐྱོང་མཉམ་སྤྱོད་ཐབས་ལམ་དུ་བྱེད་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་རྩ་འཛུགས་ཀྱི་ལེགས་ཆ་དེ་གཞི་རིམ་བཅོས་སྐྱོང་གི་ལེགས་ཆར་བསྒྱུར་བ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་རྣམ་པ་གསར་པ་ཞིག་བཏོད་ཡོད།

    ཏང་གིས་འགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་སྒྲོམ་གཞི་གཞུང་ཕྱོགས་ནས་བཙུགས་ཤིང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པར་དམིགས་ཏེ། “ཏང་འཛུགས་སྐྱོང་གི་སྐར་གསོག་ལམ་ལུགས”དང“ལྔ་འབྲེལ་དྲུག་སྐྱོང”ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། ཤང་དང་གྲོང་རྡལ་གྱི་ཏང་ཨུད་དང་། གྲོང་ཚོའི་ཏང་ཀྲི་པུའུ། ཡུག་ཁུལ་དྲ་མིག་ཅན་གྱི་ཏང་གི་ཚོགས་ཆུང་། ཞིང་འབྲོག་པའི་ཏང་ཡོན་གྱི་དཔེ་སྟོན་དུད་ཚང་བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ཡོད། ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་གི་སུའོ་ཀྲང་གིས་ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་འཁུར་བ་དང་ཏང་ཡོན་མི་དམངས་ཉེན་རྟོག་པས་གྲོང་ཚོ(སྡེ་ཁུལ)ཡི་ཧྲུའུ་ཅི་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་བའི་ལས་དོན་གསར་གཏོད་ཀྱིས་ཁྱབ་གདལ་བཏང་སྟེ། མངགས་གཏོང་ཁང་གི་སུའོ་ཀྲང་7དང་ཏང་ཡོན་མི་དམངས་ཉེན་རྟོག་པ་36གིས་ཤང་དང་གྲོང་རྡལ་དང་གྲོང་ཚོ(སྡེ་ཁུལ)ཁག་གི་བཅོས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་ནང་ཞུགས་ཡོད།

    སྣ་མང་མཐུན་སྦྱོར་གྱི་བཅོས་སྐྱོང་རྣམ་པ་འཕྲེད་ཕྱོགས་ནས་བཏོད་ཅིང་། ལྟེ་གཅིག་སྣ་མང་དང་མཉམ་ལས་མཉམ་སྐྱོང་རྒྱུན་འཁྱོངས་བྱས་ཏེ་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། སྤྱི་དམངས་ཞུགས་པ་བཅས་ཀྱི་སྤྱི་ཚོགས་མཉམ་སྐྱོང་གི་དྲ་བ་ཞིག་ཆགས་ཡོད། མཁར་ཟུར་གསུམ་གྲོང་རྡལ་རུང་ཁྲེང་སྡེ་ལས་ཀུང་སིས་སྡེ་ཁུལ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་གྲོང་མིའི་ཆུ་དང་གློག་སོགས་ཀྱི་འཚོ་བའི་གནད་དོན་ཁག་200ལྷག་ཙམ་ཐག་གཅོད་བྱས་ཡོད། ནུབ་མཚོ་གྲོང་རྡལ་གྱིས“གླེང་མོལ་ཉིན་མོའི”བྱེད་སྒོ་སྤེལ་ནས་གྲོང་མི་མི་ཐེངས་100ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་གནད་དོན་སྣ་ཚོགས་ཁག་76ཐག་གཅོད་བྱས་ཡོད།

    ཏང་ཡོན་གྱི་དཔེ་སྟོན་བཅོས་སྐྱོང་གི་གཞི་རྟེན་སྲ་བརྟན་དུ་གཏོང་བ་དང་། ཏང་ཡོན་ཁུལ་ཆུང་བཅོས་སྐྱོང་དཔྱད་ཞིབ་ནང་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་ཡོན་གྱིས་རང་འགུལ་ངང་གཞི་རིམ་བཅོས་སྐྱོང་ལ་ཞུགས་པར་སྐུལ་འདེད་བཏང་ཡོད། རྫོང་ཡོངས་ཀྱི་ཏང་ཡོན་2700ལྷག་ཙམ་དང་ཏང་ཀྲི་པུའུ་110ཡིས་ཚད་གཞི་ དང་ཡང་ཡང་བསྡུར་བ་བྱས་ནས་རང་གིས་རང་ལ་གདེང་འཇོག་བྱས་པ་བརྒྱུད“ཕན་འབྲས་མངོན་པ”དང་། ཕན་ཚུན་བརྗེ་རེས་བྱས་ནས་ཕར་ཕྱོགས་ཀྱིས་གདེང་འཇོག་བྱས་པ་བརྒྱུད“གྲུབ་འབྲས་མངོན་པར”བྱས་ཏེ། གདོང་ལེན་གྱི་སྣང་བརྙན་གྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་ཟམ་མི་ཆད་པར་འཕེལ་བར་བྱས་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་དཔུང་ཁག་མུ་མཐུད་ལེགས་འདེམས་དང་སྟོབས་ཆེར་བཏང་ནས་རྩ་འཛུགས་ཀྱི་ལེགས་ཆ་དེ་གསར་བརྗེའི་སྒུལ་ཤུགས་སུ་སྒྱུར་བ་དང་། གྲོང་གསེབ་དར་རྒྱས་ཀྱི་མཛུབ་སྟོན་པ་14མངགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་རྨང་གཞི་ཡག་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།