དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་ནས་གོ་སྐབས་དེ་བས་མང་བ་སྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-28

    ཟླ་3ཚེས་21ཉིན། ཧྲའན་ཤིས་ཤིས་ཨན་ནས་མེ་གླིང་ལྷོ་མའི་རྒྱལ་ཁབ་བར་གྱི་རྒྱལ་སྤྱིའི་ལྕགས་ལམ་དང་མཚོ་ལམ་མཉམ་འདྲེན་དུས་གཏན་མེ་འཁོར་ཐེངས་དང་པོ་བཏང་ཞིང་། འདི་ནི་ཚོན་ཁྲ་ཅན་གྱི་གཤེར་ཤེལ་བརྙན་ལེབ་སོགས་དངོས་ཟོག་བླུགས་པའི་མེ་འཁོར་ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་འབབ་ཚུགས་ནས་ཐོན་ཏེ་ཧྲན་ཏུང་ཆིང་ཏའོ་གྲུ་ཁར་བསྐྱོད་པ་དང་། དེ་རྗེས་ཆིང་ཏའོ་གྲུ་ཁ་ནས་མཚོ་ཐོག་སྐྱེལ་འདྲེན་ལ་བསྒྱུར་ཏེ་པར་ཙིར་གྱི་མཱ་ནའོ་སིར་སྐྱོད་རྒྱུ་ཡིན་པ། ལིའུ་ཞང་གིས་པར་བརྒྱབ།

    ཟླ་3ཚེས་27ཉིན། ཀྲུང་གོ་དང་ཐན་ཙན་ནི་ཡའི་མ་འཇོག་གླེང་སྟེགས་ཐན་ཙན་ནི་ཡའི་ཏ་ལེ་སི་ས་ལཱ་མུའུ་རུ་འཚོགས་ཤིང་། འདི་ནི་ཀྲུང་གོ་ནས་ཡོང་བའི་མ་འཇོག་མཁན་དང་ཐན་ཙན་ནི་ཡའི་ཁེ་ལས་ཀྱི་འཐུས་མིས་སྤེལ་རེས་གཏིང་ཟབ་བྱེད་བཞིན་པ། ཧེར་མན·ཨའེ་མཱ་ཉིའུ་ཨེར་གྱིས་པར་བརྒྱབ།

    འདི་ནི་ཟླ་2ཚེས་23ཉིན་ཀྲུང་ཧྥ་མ་རྩ་མཉམ་འཇོག་ཀུང་སིའི་ལས་མིས་ཧྥ་རན་སེའི་ལུའེ་ཚི་བཟོ་ལས་ཁུལ་གྱི་གློག་རྫས་སྒམ་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ཀ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་པར་བརྒྱབ།

    ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་ཨེ་ཙེ་ཨོ་ཕི་ཡའི་གཙང་འགྲམ་གྱི་ལྗང་མདོག་འཕེལ་རྒྱས་རྣམ་གྲངས་ལས་རྒྱལ་ཁབ་དེའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་རྣམ་པ་ལེགས་སུ་ཕྱིན་པ་དང་ས་གནས་དེ་གའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རོགས་རམ་ཐུབ་ཡོད། འདི་ནི་རྣམ་གྲངས་དེའི་གྲུབ་ཆ་ཞིག་སྟེ་ཨེ་ཏི་སི་ཨ་པ་པའི་མཛའ་གྲོགས་ཐང་ཆེན་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་པར་བརྒྱབ།

    《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)ཀྱི་ཁེ་སྤོགས་བྱུང་བ་དང་ཆབས་ཅིག་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་མ་གཏིང་ཟབ་ཐེབས་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཚོང་ཟོག་དེ་བས་མང་བ་སྟབས་བདེའི་ངང་ཀྲུང་གོའི་ཁྲོམ་རར་འདོན་ཐུབ་ཀྱི་ཡོད། འདི་ནི་ཐེ་ལན་ཁྲུན་ཕུང་སྲིད་འཛིན་ཁུལ་གྱི་ཤིང་ཏོག་ལིའུ་ལན་གྱི་ཐོན་རྫས་བཟོ་གྲྭ་ཞིག་གི་ལས་མིས་བཏུས་མ་ཐག་པའི་ཤིང་ཏོག་ལིའུ་ལན་ལ་ཞིབ་བཤེར་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་པར་བརྒྱབ།

    ཟླ་3ཚེས་19ཉིན་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་གྱི་སར་པི་ཡའི་ས་ཁོངས་ཀྱི་པེ་ནུའོ་དུམ་བུ(པེ་ཀེ་རེ་ཏེ་ནས་ནུའོ་ཝུའེ་ས་ཏེ་བར)བདེ་འཇགས་དང་བརྟན་པོའི་ངང་གཉེར་སྐྱོང་བྱས་ནས་ལོ་གཉིས་འཁོར་ཞིང་། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་683ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད་པ་རེད། འདི་ནི་མེ་འཁོར་པེ་ནུའོ་དུམ་བུའི་ནུའོ་ཝུའེ་ས་ཏེའི་ཏུའོ་ནའོ་གཙང་པོའི་ཟམ་ཆེན་སྟེང་ནས་སྐྱོད་བཞིན་པ། (མི་མེད་གནམ་གྲུས་པར་བརྒྱབ) རེན་ཝུའེ་ཡུན་གྱིས་པར་བརྒྱབ།

    ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། དེས་ན་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་སྐོར་ལ་ལྟ་སྟངས་ཇི་ལྟར་འཛིན་གྱི་ཡོད་དམ།

    སང་པའེ་ཁྲོན། (ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང)

    ཀྲུང་གོས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་གཞོལ་ནས་རང་ངོས་ཀྱི་ཐོན་ནུས་ལེགས་ཆ་སྤྱད་དེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་མ་ལག་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ནས་དེ་དག་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་ནང་ཞུགས་པའི་ནུས་པ་ཆེ་རུ་བཏང་སྟེ་རྒྱལ་ཁབ་དེ་བས་མང་བའི་དམངས་ཚོགས་ལ་བདེ་རྩ་སྐྲུན་གྱི་ཡོད།

    སྨི་ཁའེ་ལའེ·ཅེ་ལཱ་ཆི། (དབྱི་ཐ་ལིའི་དཔལ་འབྱོར་འཕེལ་རྒྱས་པུའི་པུའུ་ཀྲང་གཞོན་པ་ཟུར་པ)

    ཀྲུང་གོ་ནི་རྒྱལ་སྤྱིའི་མཉམ་ལས་དང་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཤིག་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་ལས་གྲྭ་འགན་གཙང་ལེན་པའི་གན་རྒྱ་གསར་པ་བཞག་པར་ཨ་སྒོར་དུང་ཕྱུར་7000ལྷག་ཙམ་ཟིན་ནས་གཉེར་སྐྱོང་ཡོང་འབབ་ཨ་སྒོར་དུང་ཕྱུར་4000ལས་བརྒལ་བ་དང་། ཨ་ཧྥེ་རི་ཁར་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་སྣ་ཚོགས་ཐུན་མོང་ཐོག་སྐྲུན་པར་རོགས་རམ་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་དབྱི་ཐ་ལི་སོགས་ཡོ་རོབ་རྒྱལ་ཁབ་ཀྱིས་ལྗང་མདོག་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སུ་མཉམ་ལས་ཧ་ཅང་ཡག་པོ་བྱས་ཡོད།

    སའེ་མེ་རུའེ་ཐཱ·སའེ་ཝ་སེ། (ཨེ་ཙེ་ཨོ་ཕི་ཡའི་ནོར་སྲིད་པུའི་རྒྱལ་དོན་པུའུ་ཀྲང)

    ཀྲུང་གོ་ནི་ཨེ་ཙེ་ཨོ་ཕི་ཡའི་ཚོང་དོན་རོགས་ཟླ་དང་མ་དངུལ་ཡོང་ཁུངས་རྒྱལ་ཁབ་གལ་ཆེན་གྱི་གྲས་ཤིག་རེད། ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རྒྱལ་སྤྱིའི་ཟོག་འགྲེམས། ནུས་རྒྱུ། བཟོ་སྐྲུན་ལས་རིགས་དང་དེ་བཞིན་བཟོ་ལས་གླིང་འཛུགས་སྐྲུན་སོགས་ཐད་ཨེ་ཙེ་ཨོ་ཕི་ཡར་རྒྱབ་སྐྱོར་མང་པོ་བྱས་པ་དང་ཕྱོགས་གཉིས་པོས་མཉམ་ལས་བྱས་ནས་ཆུ་ཚད་མཐོ་བའི་རྣམ་གྲངས་དང་ལས་གྲྭ་མང་པོ་བསྐྲུན་ཡོད། མཉམ་ལས་དེ་དག་ལས་ཨེ་ཙེ་ཨོ་ཕི་ཡར་དགེ་མཚན་ལྡན་པའི་འགྱུར་ལྡོག་མང་པོ་བྱུང་ཡོད་ལ། ཨེ་ཙེ་ཨོ་ཕི་ཡར་རྒྱལ་ཁབ་གཉིས་པོའི་མཉམ་ལས་དང་ཧྥེ་ཀྲུང་མཉམ་ལས་ཁྲོད་ནས་ཕན་པ་ཆེན་པོ་ཐོབ་ཡོད། ཨེ་ཏི་སི་ཨ་པ་པ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་དང་ཨེ་ཏི་སི་ཨ་པ་པའི་ཐེག་ཆུང་ལྕགས་ལམ་སོགས་ཀྱི་རྣམ་གྲངས་བསྐྲུན་ཟིན་པ་དང་། ཆུ་བེད་ལས་གྲྭ་དང་ནུས་རྒྱུའི་རྣམ་གྲངས་མང་པོ་ཞིག་ལག་ལེན་བསྟར་བས་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ཁབ་འཕེལ་རྒྱས་ལ་རྒྱབ་སྐྱོར་གལ་ཆེན་ཐུབ་ཡོད་ལ་ཨེ་ཙེ་ཨོ་ཕི་ཡའི་མི་དམངས་སྤོབས་པ་སྐྱེ་འོས་པ་ཞིག་ཡོད།

    པེན་ལེ·ཤིན་སའེ་ཨོ་ལཱ་ཝུང་། (ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དངུལ་ཁང་གི་ཧང་ཀྲང)

    སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཚོན་རྟཊ་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ལོ་ཀྲུང་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཉིས་ལྷག་ཙམ་སོང་ཞིང་། ལམ་རྒྱུད་དམངས་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་སྐྲུན་པ་དང་། རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་ཀྲུང་ལྕགས་ལམ་ནི་ས་ཁོངས་གཞི་གཅིག་ཅན་གྱི་འབྲེལ་ཟམ་ཞིག་ཡིན་པའི་ངོས་ནས《2025ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕན་ཚུན་འབྲེལ་མཐུད་ཀྱི་སྤྱིའི་འཆར་འགོད》དོན་འཁྱོལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་ཐོན་རྒྱུ་རེད། དེ་དང་ཆབས་ཅིག་ལོ་སིའི་ཞིང་ལས་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཟོག་འགྲེམས། ནུས་རྒྱུ། ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་ཁག་ཏུ་ཀྲུང་གོས་མ་དངུལ་བཏང་བའི་རྣམ་གྲངས་900ལྷག་ཙམ་ཡོད་པ་དང་། སའེ་སེ་ཐཱ་ཕྱོགས་བསྡུས་གསར་སྤེལ་ཁུལ་དང་། ཐཱ་ལོན་མཚེའུ་དཔལ་འབྱོར་དམིགས་བསལ་ཁུལ། ཅིན་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་དམིགས་བསལ་ཁུལ་སོགས་ཚང་མ་ནི་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མ་འཇོག་དང་མཉམ་ལས་ལས་སྟེགས་གལ་ཆེན་ཞིག་རེད།

    ཨ་པུའུ་ཏུའུ་ལཱ་ཧ་མན·ཨར—ཧྥ་ཅི། (སོ་ཏི་ཨ་རབ་རྨང་གཞིའི་བཟོ་ལས་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན)

    ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་ལ་གོ་ལ་ཧྲིལ་པོའི་རྫས་འགྱུར་ཐོན་རྫས་ཀྱི་འགག་རྩའི་ཁྲོམ་ར་ཞིག་ཀྱང་རེད། ཀྲུང་གོའི་ཁྲོམ་རས་གོ་ལ་ཧྲིལ་པོའི་རྡོ་སྣུམ་རྫས་འགྱུར་ཐོན་རྫས་ཀྱི་དགོས་མཁོའི་40%ཡན་བཟུང་ཡོད། རྡོ་སྣུམ་རྫས་འགྱུར་ཁྱབ་ཁོངས་སུ་ཀྲུང་གོར་ལྗང་མདོག་དང་། བདེ་འཇགས། ཐཱན་ཉུང་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ནས་ལས་རིགས་འཕེལ་རྒྱས་ལ་གོ་སྐབས་ཧ་ཅང་ཆེན་པོ་སྐྲུན་བཞིན་ཡོད། སོ་ཏི་ཨ་རབ་ཀྱི་རྨང་གཞིའི་བཟོ་ལས་ཀུང་སིས་ཀྲུང་གོའི་ཁྲོམ་རར་མུ་མཐུད་རྩ་བ་བཙུགས་ནས་མཐུན་སྦྱོར་གྱི་ཕན་འབྲས་རྒྱུན་མཐུད་བཏོད་དེ་ཀྲུང་གོའི་མཉམ་ལས་རོགས་ཟླ་དང་མཉམ་དུ་ལག་རྩལ་གསར་གཏོད་དང་། ལས་རིགས་འཕེལ་རྒྱས། ས་ཁུལ་གྱི་དཔལ་འབྱོར་འཕར་བ་བཅས་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།