དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་འགན་སྲུང་གི་དམངས་ཕན་ཞབས་ཞུར་དགེ་མཚན་ལྡན་པའི་འཕེལ་རིམ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-28

    ཉིན་ཤས་གོང་། གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་འཚོགས་པའི“2024ལོའི་རྒྱལ་ཡོངས་ཀྱི་རིག་ལྡན་སྨན་བཅོས་འགན་སྲུང་གི་འགྲན་བསྡུར་ཆེ་མོ”སྤེལ་འགོ་ཚུགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མང་ཚོགས་ཀྱི་སྨན་པ་བསྟེན་པ་དང་སྨན་བཅོས་འགན་སྲུང་གི་དགོས་མཁོར་དམིགས་ཏེ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་སྲུང་གི་དམངས་ཕན་ཞབས་ཞུ་གསར་གཏོད་དང་། དྲ་སྦྲེལ། གྲངས་གཞི་ཆེ་མོ་སོགས་ཀྱི་ཆ་འཕྲིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས། སྨན་བཅོས་འགན་སྲུང་གི་ཞབས་ཞུའི་དོན་ཚན“སྦར་མཐིལ་ནས་སྒྲུབ་ཐུབ་པ”དང་རྟག་ཏུ་ཐོན་པའི་ཞབས་ཞུའི་དོན་གནད་ཚང་མ“ཞིང་ཆེན་སྒྲོལ་ནས་སྒྲུབ”ཐུབ་པ་བྱུང་སྟེ་བཀོལ་སྤྱོད་བྱེད་རྣམ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་དྲ་ཐོག་ནས་ལས་དོན་བསྒྲུབ་རྒྱུ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་པ་རེད།

    2022ལོའི་ཟླ་3པའི་ཟླ་མཇུག་ཏུ། རྒྱལ་ཡོངས་ཀྱི་གཅིག་གྱུར་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་ཕྱོགས་ཡོངས་ནས་བསྐྲུན་ཡོད། ལས་སྟེགས་སུ་ཁྱོན་ཡན་ལག་ལས་སྟེགས་14ཡོད་པ་དང་བསྡོམས་རྩིས་ཆ་སྙོམས་དང་ལེན་སྐར་ཆ་0.8ཙམ་ཐུབ་ཀྱི་ཡོད་པ་དང་ནུས་ཕྱོད་ཆ་སྙོམས་བྱས་ན་ལྡབ་3ནས་5བར་ཆེ་རུ་ཕྱིན་ནས་དམིགས་འཛུགས་སྨན་བཅོས་ལས་ཁུངས་ཁྲི་40ཙམ་དང་དམིགས་འཛུགས་སིལ་ཚོང་སྨན་ཚོང་ཁང་ཁྲི་40ཙམ་དང་སྦྲེལ་མཐུད་བྱས་ཏེ་རྒྱལ་ཡོངས་ཀྱི་འགན་བཅོལ་ལ་ཞུགས་མཁན་དུང་ཕྱུར་13.4ལ་ཁྱབ་ཡོད་པ་རེད། དེའི་རྨང་གཞིའི་ཐོག་སྨན་བཅོས་འགན་སྲུང་གི་དམངས་ཕན་ཞབས་ཞུར་དགེ་མཚན་ལྡན་པའི་འཕེལ་རིམ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།