དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁའི“ཉིན་བརྒྱའི་འགག་སྒྲོལ”གྱིས་གྲོང་ཚོའི“གཟུགས་བརྙན”གསར་པར་གྱུར།

    མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཁག་106ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-28

    ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་2024ལོའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་བཀོད་སྒྲིག་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ལྷོ་ཁ་གྲོང་ཁྱེར་གྱིས་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་བསྡུར་བྱེད་པ་དང་། ལེགས་པར་བྱ་དགའ་དང་ཞན་པར་ཆད་པ་གཅོད་པ། མ་དངུལ་འགན་ལེན་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་ཚང་མ་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་པ་དང་མི་ཚང་མས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད། མིག་སྔའི་བར། གྲོང་ཁྱེར་རིམ་པས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་11བཏང་ནས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཁག་106ལག་བསྟར་བྱས་ཤིང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་ལ་མ་དངུལ་སྒོར་དུང་ཕྱུར་5ཙམ་བཏང་ནས“གསང་སྤྱོད་གསར་བརྗེ”དང་། གད་སྙིགས་གཙང་སེལ། བཙོག་ཆུ་གཙང་གསིང་། མི་ཕྱུགས་ལོགས་དབྱེ། “སྡོད་མལ་ཁྱིམ་གཞིས”ཀྱི་དཔེ་མཚོན་ཚོད་ལྟ་སོགས་ཀྱི་ལས་དོན་གཙོ་བོར་དམིགས་ནས“ཉིན་བརྒྱའི་འགག་སྒྲོལ”བཅོས་སྒྲིག་གི་མཐོ་རླབས་རྒྱུན་ཆད་མེད་པར་འཕྱུར་བར་བྱས་པས་བཅོས་སྒྲིག་གི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་ལས་འགན་ལ་དམིགས་ཏེ་མཉམ་དུ་འགག་སྒྲོལ་དཀའ་སེལ་བྱས་པས་དུད་ཚང་1500གི་གསང་སྤྱོད་སྒྱུར་བཅོས་ཀྱི་དམིགས་ཚད་ལེགས་གྲུབ་ཟིན་པ་དང་། མིག་སྔར་རིམ་རྩིས་བྱས་ན་གྲོང་ཁྱེར་ཡོངས་སུ་ཁྱིམ་སྤྱོད་གསང་སྤྱོད་ཁྲི་6.27ལྷག་ཙམ་ཟིན་ནས་གསང་སྤྱོད་ཁྱབ་གདལ་གཏོང་ཚད་88.91%ཟིན་ཡོད། འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོ་དང་འཇུ་གྲོང་ཚོ་དང་། རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ་སོགས་གྲོང་གསེབ་ཁག་གཅིག་གི་གྲོང་ཚོ་ཧྲིལ་པོར་སྐམ་རློན་ལོགས་དབྱེའི་གསང་སྤྱོད་བསྐྲུན་ཡོད། གད་སྙིགས་གཙང་སེལ་ཐད་ལྷོ་ཁ་གྲོང་ཁྱེར་གྱིས“གྲོང་ཚོ་ནས་བླངས་ཏེ་ཤང་དུ་དབོར་བ་དང་རྫོང་ནས་གཙང་སེལ་བྱེད་པའི”རྣམ་པ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ད་དུང་གྲོང་ཚོ(སྡེ་ཁུལ)ཁག་ལ་གཙང་སྦྲའི་མི་སྣ་བཀོད་སྒྲིག་དང་ཀུང་སིས་ཚབ་གཉེར་བྱས་ཏེ་འགྱིག་ཤོག་ཏུན་8000ལྷག་ཙམ་གཙང་སེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་ཁྱོན་ཡོངས་ལ་ཁྱབ་ཡོད། རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་སོགས་གྲོང་ཚོ(སྡེ་ཁུལ)བཅུ་ཆ་བདུན་ལྷག་ཙམ་གྱིས་རིགས་མི་འདྲ་བའི་གད་སྙིགས་བརྗེ་སའི་སྒོ་རྩིས་ཚོང་ཁང་བཙུགས་ནས་མང་ཚོགས་བཅོས་སྒྲིག་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་ལེགས་པར་བྱས་ཡོད།

    བཙོག་ཆུ་གཙང་གསིང་ལ་དམིགས་ནས་ལྷོ་ཁ་གྲོང་ཁྱེར་དུ་རྫོང་གྲོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་10དང་། ཤང(གྲོང་རྡལ)གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་3 ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་སྲིན་བུ་རིའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་1 གཞི་ཁྱོན་ཆེ་བའི་གསོ་ཚགས་ཀྱི་བཤང་གཅི་གཙང་སེལ་སྒྲིག་ཆས་8བཅས་བསྐྲུན་ཏེ་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཀྱི་ཤང(གྲོང་རྡལ)དང་གྲོང་ཚོའི(སྡེ་ཁུལ)བཙོག་ཆུའི་མདོང་ལམ་མཐུད་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་ཆུ་བོ་དང་མཚེའུ“གང་བྱུང་བཟུང་བ་དང་། གང་བྱུང་དུ་བསྔོགས་པ། གང་བྱུང་དུ་སྤུངས་པ། གང་བྱུང་དུ་བསྐྲུན་པ”བཅས་ཀྱི་སྣང་ཚུལ་ལ་གྲལ་བཤེར་དང་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ། ཆུ་བོ་དང་མཚེའུའི་གད་སྙིགས་གཙང་སེལ་དང་རྫིང་བུའི་ཆུ་ལམ་གཤོང་བའི་བྱ་སྤྱོད་སྤེལ་བས་གྲོང་ཁྱེར་ཡོངས་ཀྱི་བཙོག་ཆུ་གཙང་གསིང་ནུས་ལྡན་ཐུབ་ནས་གྲོང་གསེབ་ཀྱི་ཆུ་གཙང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། མི་ཕྱུགས་ལོགས་དབྱེའི་ཐད་ལྷོ་ཁ་གྲོང་ཁྱེར་གྱིས་གཅིག་སྡུད་ལོགས་དབྱེ་གཙོ་བོར་བྱེད་པ་དང་། དུད་ཚང་ནང་ལོགས་དབྱེ་ཕལ་པར་བྱེད་པ་མཐའ་འཁྱོངས་བྱས་ཏེ། བར་མཐོངས་ལོགས་དབྱེ་དང་དངོས་ལུགས་ལོགས་དབྱེ་ཐུབ་པ་བྱས་ཡོད། མིག་སྔར་མི་ཕྱུགས་ལོགས་སུ་དབྱེ་བའི་ཁྱིམ་དུད་50166ཟིན་ནས་ལེགས་གྲུབ་བྱུང་ཚད་80%ཟིན་ཏེ་ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་གྱི་མི་ཕྱུགས་མཉམ་སྡོད་དང་ཁང་པའི་གཡས་གཡོན་དུ་གསོ་ཚགས་བྱེད་པའི་གོམས་གཤིས་ངན་པ་ལེགས་བཅོས་ཆེན་པོ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།