དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་གིས་ཀྲུང་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-04-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་གིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པས་བཏོད་པ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་60སོང་རིང་། ཀྲུང་ཐན་གྱི་འབྲེལ་བ་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་དུས་གནས་ཀྱི་ཉམས་སད་བརྒྱུད་ཡུན་རིང་བརྟན་པོ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་སྲ་བརྟན་དུ་ཕྱིན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ངས་ཙུང་ཐུང་མཁྱེན་ལྡན་མ་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་དར་སྤེལ་བཏང་ནས་ཀྲུང་ཐན་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་དར་རྒྱས་ཀྱི་ཐུན་མོང་ཕུགས་འདུན་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་རི་མོ་མངོན་སུམ་དུ་འགྱུར་བར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

    ཧ་སང་གིས་ཐན་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་60སོང་རིང་། རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲིལ་མཛའ་གྲོགས་དང་ཟོལ་མེད་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། ཕྱོགས་གཉིས་པོས་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་བྱས་ཏེ་ཕྱོགས་གཉིས་དང་ཕྱོགས་མང་གི་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོས་དུས་རབས་འབྱེད་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་འགྱུར་བྱས་པར་བརྩི་འཇོག་དང་ཡིད་སྨོན་བྱེད་ཀྱི་ཡོད་ལ། འཕེལ་རྒྱས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན། སླད་ཕྱིན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས་ཐན་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།