དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱིས་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-27

    ཉེ་ཆར། གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་དུས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱིས་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་ལ་རམ་འདེགས་བྱས་པའི་དཔེ་མཚོན་གྱོད་དཔེ་ཁག་གཅིག་བཀྲམ་པ་དེ་དག་འཕྲུལ་སྒུལ་འཁོར་རིགས་ཀྱིས་ཁྲོམ་གཞུང་དུ་འཛེར་སྒྲ་བཟོ་བ་དང་། ཐང་ཆེན་དུ་ཞབས་བྲོ་འཁྲབ་ནས་དམངས་ལ་བསུན་པོ་བཟོ་བ། མཚན་མོར་སྒྲིག་འགལ་ཨར་ལས་བྱེད་པ་སོགས་ཀྱི་འཛེར་སྒྲའི་སྦགས་བཙོག་གི་གནད་དོན་དང་འབྲེལ་བ་ཡོད་པ་རེད། 2023ལོར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མི་སེར་གྱི་ཁང་པའི་ཉེ་འགྲམ་གྱི་འཛེར་སྒྲའི་སྦགས་བཙོག་གནད་དོན་ལ་དམིགས་ཏེ་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་པའི་ལས་དོན་སྤེལ་བར་ཆེད་དོན་བཀོད་སྒྲིག་བྱས་པ་རེད། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟོ་ལས་དང་། འཛུགས་སྐྲུན་ཨར་ལས། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་ཀྱི་འཛེར་སྒྲའི་སྦགས་བཙོག་གནད་དོན་ལ་དམིགས་ནས་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་940ལྷག་ཙམ་སྒྲུབ་གཉེར་བྱས་ཡོད།

    འཛེར་སྒྲའི་སྦགས་བཙོག་ལ་སྐད་ཅིག་རང་བཞིན་དང་འཁོར་རྒྱུག་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་པས། བརྟག་དཔྱད་དཔང་ལེན་བྱེད་པར་ཆེད་ལས་རང་བཞིན་གྱི་རེ་བ་མཐོ་པོ་ཡོད། ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁྲོམ་གཞུང་འཛེར་སྒྲའི་སྦགས་བཙོག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ནང་། འཛེར་སྒྲའི་སྐད་ཅིག་རང་བཞིན་ལ་དཔང་ལེན་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་བརྟག་དཔྱད་དཔང་ལེན་ལ་མཛུབ་ཁྲིད་བྱས་པ་དང་། བྱ་ཐབས་སྣ་མང་ཕྱོགས་བསྡུས་ངང་སྤྱད་དེ་ས་ཁོངས་ཁག་གཅིག་གི་མཚན་མོར་འཕྲུལ་སྒུལ་འཁོར་རིགས་ཀྱིས་ཁྲོམ་གཞུང་དུ་འཛེར་སྒྲའི་སྦགས་བཙོག་བཟོ་བའི་དོན་དངོས་རྩད་གཅོད་ཐུབ་ནས། སྲིད་འཛིན་ལས་ཁུངས་ཀྱིས་བཅོས་སྒྲིག་ནུས་ལྡན་བྱེད་པར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།