དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས་ཐོག《ཝུའུ་ཧན་གྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-27

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་4ཚེས་24ཉིན། “ཀྲུང་གོ—ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས”སྐབས་དང་པོ་ཧུའུ་པེའི་ཝུའུ་ཧན་དུ་འགོ་ཚུགས་པ་རེད། གླེང་སྟེགས་ཐོག《ཝུའུ་ཧན་གྱི་བསྒྲཌ་གཏམ》—འཇིག་རྟེན་འཕུར་སྐྱོད་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རམ་འདེགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས་གཉེར་བ་ནི《ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གཅིག་མཐུན་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་གནད་ཁྱབ་ཁོངས་མཉམ་ལས་ཀྱི་ཐུན་མོང་བྱ་སྤྱོད་འཆར་གཞི(2022ལོ་ནས་2024ལོ་བར)》དོན་འཁྱོལ་བྱས་པའི་ཞིབ་ཕྲའི་གྲུབ་འབྲས་ཤིག་ཡིན་པ་དང་དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་མཛའ་གྲོགས་རྒྱུན་མཐུད་བྱེད་པ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།

    《ཝུའུ་ཧན་གྱི་བསྒྲགས་གཏམ》ནང་ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་མང་པོ་དང་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་བཀོད་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་ཀྱི་སྤེལ་རེས་དང་རྣམ་གྲངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་པར་གྱི་སའི་གོ་ལའི་ཐོན་ཁུངས་ཀྱི་སྲུང་སྐར་རིགས་སྣ་ཚོགས་དང་། ཝེ་ནེ་ཙུའེ་ལའི་འཕྲིན་གཏོང་དང་རྒྱང་ཚོར་སྲུང་སྐར། པོ་ལི་ཝེ་ཡའི་འཕྲིན་གཏོང་སྲུང་སྐར་སོགས་འཇིག་རྟེན་འཕུར་སྐྱོད་མཉམ་ལས་རྣམ་གྲངས་བདེ་བླག་ངང་ལེགས་སྒྲུབ་བྱས་པས་འཇིག་རྟེན་འཕུར་སྐྱོད་ལག་རྩལ་གྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་ཐེབས་ཏེ་ལྷོ་ལྷོ་མཉམ་ལས་ཀྱི་མེད་དུ་མི་རུང་བའི་སྐུལ་འདེད་སྟོབས་ཤུགས་ཤིག་ཏུ་གྱུར་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད་ཅེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།