དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “བྱང་གསུམ”ལས་གྲྭའི་ཁུལ་དུ་ནགས་བཟོ་རྩྭ་འདེབས་མུའུ་ཁྲི་2000ལྷག་ཙམ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-26

    ཉེ་ཆར། གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་2024ལོའི་དུས་ཚིགས་གཉིས་པའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། འདི་ལོའི་དཔྱིད་ཀ་ནས་བཟུང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལས་དོན་ཚོགས་ཆུང་15སྒྲིག་འཛུགས་བྱས་ནས“བྱང་གསུམ”གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་ཏུ་བསྐྱོད་དེ་ཡུག་ཁུལ་འགན་གཙང་དང་གནས་སྡོད་བྱས་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པར་སྐུལ་འདེད་བཏང་ཞིང་། མིག་སྔར“བྱང་གསུམ”ལས་གྲྭའི་ཁུལ་དུ་རྣམ་གྲངས་40ལས་འགོ་ཚུགས་ཟིན་པ་དང་ནགས་བཟོ་རྩྭ་འདེབས་མུའུ་ཁྲི་2000ལྷག་ཙམ་བྱས་པ་རེད།

    རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་སིའི་སི་ཀྲང་ཀྲང་ཝུའེ་ཡིས། དུས་རབས་གསར་པའི“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རྒྱས་འདུ་ཤེས་དེ་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དུ་སྒྱུར་བ་དང་། བཅོས་སྐྱོང་བྱེད་སྟངས་དེ་མཉམ་འགོག་མཉམ་བཅོས་ལ་སྒྱུར་བ། འཕར་སྣོན་བྱེད་སྟངས་དེ་སྔོ་འགྱུར་དང་རིམ་སྤོར་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་པར་སྒྱུར་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་གསར་གཏོད་ལ་སྐུལ་འདེད་གཏོང་བར་སྒྱུར་བ་བཅས་བྱེད་པ་དང་། ས་གནས་ཁག་གིས་ནགས་ཚལ་དང་། རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་བཟོར་སྤྱི་འདོམས་བྱས་ཏེ། འོད་ཤུགས་བྱེ་བཅོས་དང་། གུད་གསབ་ལས་སྤྲོད། ཁས་ལེན་གཙོ་འགན། ཀྲུང་དབྱང་ཁེ་ལས་དང་མཉམ་ལས་སོགས་ཀྱི་ལམ་སྲོལ་གསར་པ་དང་རྣམ་པ་གསར་པར་འཚོལ་ཞིབ་ཧུར་ཐག་བྱས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།