དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀག་ནའི་ཕྱི་འབྲེལ་པུའུ་ཀྲང་གིས་ཀག་ན་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་མཉམ་ལས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལེབ་ཝེར་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀག་ནའི་ཕྱི་འབྲེལ་པུའུ་ཀྲང་ཨོ་ནན་ཅ་ཡིས་ཀག་ནའི་རྒྱལ་ས་ལེབ་ཝེར་དུ་ཀག་ན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་གི་མཛའ་མཐུན་མཉམ་ལས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཡོད།

    ལེབ་ཝེར་དུ་འཚོགས་པའི་ཀག་ན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་སྣེ་ལེན་ཚོགས་འདུའི་ཐོག་ཨོ་ནན་ཅ་ཡིས་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་དུས་རབས་ཕྱེད་ཀ་ཙམ་རིང་། ཀག་ན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ནས་དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་སོང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀག་ན་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཟབ་ཏུ་གཏོང་བར་གཞོལ་ནས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཏེ། ཕྱོགས་གཉིས་པོའི་ཕྱོགས་མང་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་མཐུན་སྦྱོར་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་ཀག་ན་དང་ཀྲུང་གོའི་དབར་གྱི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་བཏང་སྟེ། མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དང་། དྲང་བདེན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བརྗོད།

    ཀག་ནའི་ཙུང་ལི་ཨེན་ཏུང་སོགས་སྲིད་གཞུང་གི་དཔོན་རིགས་དང་། ཀག་ནའི་ལས་རིགས་ཁག་གི་འཐུས་མི། ཀག་ནར་སྐྱོད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་དང་དེ་བཞིན་ཀག་ནའི་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་སོགས་སྣེ་ལེན་ཚོགས་འདུར་ཞུགས་ཡོད། སྣེ་ལེན་ཚོགས་འདུར་ཀྲུང་གོའི་མི་རིགས་ཀྱི་གྱོན་ཆས་ངོམ་སྟོན་དང་གཞོན་ནུ་ལོ་ཆུང་གིས་ཀྲུང་གོའི་དྲག་རྩལ་རྩེད་པ། ཀག་ནའི་སྲོལ་རྒྱུན་ཞབས་བྲོ་འཁྲབ་པ་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། སྐུ་མགྲོན་ཚོས་ཇའི་རིག་གནས་དང་། ཡིག་གཟུགས། ཀྲུང་ལུགས་གསོ་རིག་སོགས་ཀྲུང་གོའི་རིག་གནས་ལས་སྟེགས་ལ་ལྟ་སྐོར་བྱས་པ་མ་ཟད། ཀྲུང་གོ་དང་ཀག་ནའི་དབར་གྱི་ལོ་50རིང་གི་དངོས་སྒྲུབ་མཉམ་ལས་ཀྱི་པར་རིས་འགྲེམས་སྟོན་ལ་མཉམ་དུ་བལྟས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།