དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་སོ་ཏི་ཨ་རབ་ཏུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཡ་ཏེ་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་ཤིང་། སོ་ཏི་ཨ་རབ་སྲིད་གཞུང་གི་སྒྲིག་གཞི་དང་ཁེ་ལས་ཀྱི་འཐུས་མི་30ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ནི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་དང་། སོ་ཏི་ཨ་རབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཧྲང་ཧའེ) ཀྲུང་གོ་བཟོ་ཚོང་དངུལ་ཁང་རི་ཡ་ཏེ་ཡན་ལག་དངུལ་ཁང་སོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། སོ་ཏི་ཨ་རབ་ཀྱི་སྲིད་གཞུང་སྒྲིག་གཞི་དང་། ཁེ་ལས། ཚོང་ལས་མཐུན་ཚོགས་སོགས་ལས་རིགས་ཁག་གི་མི་སྣར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་ཁེ་ལས་ཀྱི་ཚོང་ལས་འགྲེམས་སྟོན་དང་། ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས། མི་ཆོས་རིག་གནས་སྤེལ་རེས་སོགས་འབྲེལ་ཡོད་ཁུལ་གྱི་བཀྲག་མདངས་འཚེར་ས་དང་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ས་གནས་དེ་གའི་ཁེ་ལས་འགྲེམས་ཚོགས་ནང་ཞུགས་རྒྱུར་གདན་འདྲེན་ཡང་ཞུས་པ་རེད།

    སྤེལ་རེས་ཚོགས་འདུའི་ཐོག་སོ་ཏི་ཨ་རབ་ཕྱོཌ་ཀྱི་ཁེ་ལས་ཀྱི་འཐུས་མིས་དྲི་བ་བཏོན་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་ནང་ཞུགས་པའི་འདོད་མོས་མཚོན་པར་བྱས་པ་དང་འབྲེལ། མ་འོངས་པར་སོ་ཏི་ཨ་རབ་ཀྱི་ཁེ་ལས་དེ་བས་མང་བ་ཀྲུང་གོར་འགྲེམས་སྟོན་ལ་ཞུགས་ནས་སོ་ཏི་ཨ་རབ་ཀྱི་སྤུས་ལེགས་ཐོན་རྫས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་པའི་གོ་སྐབས་འཐོབ་རྒྱུའི་རེ་སྒུག་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།