དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཁྲིམས་མི་དང་རྩ་འཛུགས་གཞན་གྱི་གྲངས་འབོར་དུང་ཕྱུར་1.88ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-25

    ཚེས་22ཉིན། གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་རྟགས་གྲངས་གཞིའི་གཅིག་གྱུར་མཛོད་ནང་ཁྲིམས་མི་དང་རྩ་འཛུགས་གཞན་གྱི་གྲངས་འབོར་དུང་ཕྱུར་1.88ཀྱི་གཞི་རྩའི་ཆ་འཕྲིན་གསོག་འཇོག་བྱས་ཡོད། དེ་དག་ནང་སྒྲིག་གཞིའི་རིགས་36དང་། ཆེད་དོན་གྲངས་གཞིའི་མཛོད་22 གྲངས་གཞིའི་ཐོན་ཁུངས་ལས་སྣོན་དཔེ་དབྱིབས་དང་ཐག་གཅོད་གོ་རིམ་10ལྷག་ཙམ་བཅས་ཚུད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར་སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་རྟགས་གཅིག་གྱུར་ལམ་ལུགས་སྒྱུར་བཅོས་བྱས་པ་ནས་བཟུང་། སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་རྟགས་གཅིག་གྱུར་ལས་དོན་ཕྱོགས་སྒྱུར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཡོངས་རྩ་འཛུགས་སྒྲིག་གཞིའི་སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་རྟགས་གཅིག་གྱུར་གྲངས་གཞིའི་ཞབས་ཞུ་ལྟེ་གནས་ཀྱིས་རྒྱལ་ཡོངས་སུ་ཡན་ལག་སྒྲིག་གཞི་46དང་ཐོ་འགོད་དོ་དམ་སྡེ་ཚན་20བཙུགས་པར་བརྟེན་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་རྟགས་གཅིག་གྱུར་གྲངས་གཞིའི་མཛོད་བཙུགས་ཡོད། ཚབ་རྟགས་ལྟེ་གནས་ཀྱིས་སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་རྟགས་གཅིག་གྱུར་གྲངས་གཞིའི་མཛོད་བཙུགས་པར་བརྟེན་ནས་ཁེ་ལས་ཀྱི་ཚད་གཞིའི་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སྲུང་སྐྱོང་བྱས་ཏེ། ཁེ་ལས་ཀྱིས་ཚད་གཞི་ལག་བསྟར་བྱས་ནས་རང་ངོས་གསལ་བསྒྲགས་ཡོངས་བསྒྲགས་ལ་ཞབས་འདེགས་ཞུ་བཞིན་ཡོད། ཟླ་3ཚེས་31ཉིན་བར། ཁེ་ལས་ཁྲི་48.1ཡིས་ལས་སྟེགས་སུ་ཚད་གཞི་ཁག་ཁྲི་323.6ཡོངས་བསྒྲགས་བྱས་པར་ཁྱོན་ལྟ་ཐེངས་དུང་ཕྱུར་4.9ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།