དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ལྗང་མདོག་གློག་ཤུགས་བརྟན་པོ་ཡོད་པས་དམངས་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲེན་ཞའོ་ཤའོ།   |     སྤེལ་དུས།  2024-04-25

    མུའུ་སི་ཐ་ཧྥ་ལས་ཀ་བྱེད་སའི་པེན་པན་འོད་ཤུགས་ཐོན་ལས་གླིང་གི་གློག་སྒྱུར་ས་ཚིགས་རྣམ་གྲངས་དེ་ནི་ཀྲུང་གོ་ནུབ་གློག་ཚོགས་པས་བསྐྲུན་འགན་འཁུར་ཞིང་། དེ་ནི་ཨེ་ཅིབ་རྒྱལ་ཁབ་གློག་དྲའི་དྲ་རྒྱ་གཙོ་བོའི་གྲུབ་ཆ་གལ་ཆེན་ཞིག་རེད། རྣམ་གྲངས་དེའི་ནང་ཆན་ཧྥུའུ་220ཡི་གློག་སྒྱུར་ས་ཚིགས་4འཛུགས་སྐྲུན་དང་ཆན་ཧྥུའུ་500ཡི་གློག་སྒྱུར་ས་ཚིགས་1རྒྱས་སྐྲུན་བྱས་པ་ཚུད་ཡོད། འོད་ཤུགས་ཐོན་ལས་གླིང་གི་གློག་ཤུགས་ཕྱིར་གཏོང་ལྟེ་བའི་གློག་སྒྱུར་ས་ཚིགས་5ཡིས་ས་གནས་དེར་གློག་ཆུ་ཚོད་ཅི་ཝ་ཁྲི་1.38ལྷག་ཙམ་མུ་མཐུད་མཁོ་འདོན་ཐུབ་ནས་ཨེ་ཅིབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གློག་ཤུགས་འགན་ལེན་ནུས་ལྡན་ཐུབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གློག་སྒྱུར་ས་ཚིགས་རྣམ་གྲངས་ཀྱི་གློག་སྒྱུར་ས་ཚིགས་5ཡི་སྒྲིག་ཆས་གཙོ་བོ་ཚང་མར་ཀྲུང་གོའི་ལག་རྩལ་སྤྱད་ཡོད་པ་དང་སྒྲིག་ཆས་ཁག་གཅིག་ནི་ཀྲུང་གོ་ནུབ་གློག་ཚོགས་པ་དང་ཨེ་ཅིབ་གློག་ཤུགས་པུའི་ཁོངས་གཏོགས་EGEMACཀུང་སིས་མ་རྩ་མཉམ་འཇོག་བྱས་ནས་བཙུགས་པའི་ནུབ་གློག་EGEMACགློག་ཆེན་གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་རེད། “ཉེ་བའི་ལོ་ཤས་རིང་ཀྲུང་གོའི་གློག་ཤུགས་ཐོན་རྫས་གོ་ལ་ཧྲིལ་པོར་ཕྱིར་ཚོང་བྱས་པ་དེ་ཐོག་ནས་ཀྲུང་གོའི་ཐོན་རྫས་ཀྱི་ལག་རྩལ་ཆུ་ཚད་དང་སྤུས་ཚད་ལ་གོ་ལ་ཧྲིལ་པོའི་སྤྱོད་མཁན་གྱི་ཁས་ལེན་གང་ལེགས་ཐོབ་བཞིན་ཡོད་པ་མཚོན་གྱི་ཡོད”ཅེས་ནུབ་གློག་EGEMACགློག་ཆེན་གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཡན་ཝུན་གྱིས་བཤད།

    པེན་པན་འོད་ཤུགས་ཐོན་ལས་གླིང་དེ་ཨེ་ཅིབ་ཀྱི་ཆུ་བེད་ལས་གྲྭ་གལ་ཆེན་ཨ་སི་ཝང་རགས་ཆེན་དང་ཐག་ཉེ་པོ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་ཨེ་ཅིབ་ཀྱི་མི་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་ཆུ་སྤྱོད་ཚད་ཀྱང་མང་དུ་ཕྱིན་པ་དང་ཆབས་ཅིག་ཨ་སི་ཝང་རགས་ཆེན་གྱི་གློག་གཏོང་ཚད་ཀྱིས་ས་གནས་དེ་གའི་གྲོང་མིའི་གློག་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ཨ་སི་ཝང་ཞིང་ཆེན་དུ་ལོ་ཧྲིལ་པོར་ཉི་འོད་འཕྲོད་ཚད་ཆུ་ཚོད་3000ལྷག་ཙམ་ཟིན་པ་དང་དེ་གའི་ཉི་འོད་ཀྱིས་ཨེ་ཅིབ་ཀྱི་ནུས་རྒྱུ་འཕེལ་རྒྱས་ལ་འགུལ་ནུས་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་ཀྱི་ཡོད། 2019ལོར། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བ་དང་མ་དངུལ་བསྡུ་སྒྲིལ་ནང་ཞུགས་པའི་གོ་ལ་ཧྲིལ་པོའི་འོད་ཤུགས་ཐོན་ལས་གླིང་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་པེན་པན་འོད་ཤུགས་ཐོན་ལས་གླིང་གི་གློག་དྲ་ཧྲིལ་པོ་འབྲེལ་མཐུད་ཐུབ་སྟེ་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་2000ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    ཨེ་ཅིབ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི《2035ལོའི་ཕྱོགས་བསྡུས་རྒྱུན་མཐུད་ཆོག་པའི་ནུས་རྒྱུའི་འཐབ་ཇུས》གཞིར་བཟུང་། 2023ལོར་སླེབས་སྐབས་ཨེ་ཅིབ་ཀྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཅི་ཝ་61ཟིན་རྒྱུ་ཡིན་པའི་ནང་ཉི་ནུས་ཅི་ཝ་43དང་རླུང་ནུས་ཅི་ཝ་18ཚུད་ཡོད་པ་རེད། 2022ལོར། ཨེ་ཅིབ་ཀྱི་20%ཡི་གློག་ནི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་ལས་བྱུང་བ་དང་2035ལོར་བསྡུར་ཚད་དེ་42%བར་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད། གྲངས་གཞི་ལས་མངོན་པར། པེན་པན་གྱི་འོད་ཤུགས་ཐོན་ལས་གླིང་གི་ཐེག་ཚད་མཐོ་ཤོས་སུ་སླེབས་སྐབས་ལོ་ལྟར་གློག་ཆུ་ཚོད་ཐའེ་ཝ་3.8གཏོང་ཐུབ་པས་ཨེ་ཅིབ་ཀྱི་གློག་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་འགྲོ་ཐུབ་པ་དང་ས་གནས་དེ་གའི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ།

    མིག་སྔའི་བར་ཀྲུང་གོ་ནུབ་གློག་ཚོགས་པས་ཨེ་ཅིབ་ཀྱི་ཁྲོམ་རར་གློག་སྒྱུར་ས་ཚིགས་བཅུ་གྲངས་ཁ་ཤས་ཀྱི་ལས་གྲྭའི་རྣམ་གྲངས་ནང་ཞུགས་པ་དང་ལེགས་གྲུབ་ཟིན་ནས་གློག་སྒྱུར་ས་ཚིགས་50ལྷག་ཙམ་ལ་ཆན་ཧྥུའུ་66ནས་ཆན་ཧྥུའུ་500བར་གྱི་གློག་ཤུགས་གློག་སྒྱུར་འཕྲུལ་ཆས་དང་ཐོག་འགོག་འཕྲུལ་ཆས་སོགས་གློག་སྒྱུར་སྒྲིག་ཆས་མཁོ་འདོན་བྱས་ནས་ཨེ་ཅིབ་ཀྱི་ས་གནས་དེ་རང་གི་གློག་ཤུགས་སྒྲིག་ཆས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ས་གནས་དེ་གའི་གློག་ཤུགས་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱང་ཐེབས་ཡོད། པེན་པན་འོད་ཤུགས་ཐོན་ལས་གླིང་གི་གློག་སྒྱུར་ས་ཚིགས་རྣམ་གྲངས་ལ་དཔེ་བཞག་ན། རྣམ་གྲངས་ལག་བསྟར་བྱེད་རིང་ཨེ་ཅིབ་ཕྱོགས་ཀྱི་གློག་ཤུགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་དང་ཕན་ཚུན་སློབ་སྦྱོང་བྱས་ནས་ཐུན་མོང་ཐོག་ལས་གྲྭ་དོ་དམ་དང་འཛུགས་སྐྲུན་ཚོགས་པ་བཙུགས་པས་རྣམ་གྲངས་དེ་ནས་གློག་བདེ་བླག་གཏོང་ཐུབ་པའི་འགན་ལེན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།