དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འགོ་ཏན་ཏིག་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-25

    ལེ་ཚན་གཏོད་པའི་གཏམ།

    ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རང་ལྗོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་ཆེད། འདི་ག་ཚགས་པར་ཐོག་དེ་རིང་ནས་བཟུང“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི”ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ཏེ། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་སྤེལ་བའི་འཕེལ་རིམ་དང་ཕན་འབྲས་གཅིག་སྡུད་ཐོག་མངོན་པར་བྱ་རྒྱུ་ཡིན་པས་ཚང་མས་དོ་ཁུར་ཡོད་པ་ཞུ།

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ལྷ་སར་གཉེར་ནས་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱས་ཡོད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་སློབ་སྦྱོང་གིས་ཞིབ་འཇུག་དང་འཆར་འགོད་ནན་ཏན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། ལྗོངས་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད།

    ཚང་མས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)སློབ་སྦྱོང་དེར་གོ་བ་ནན་ཏན་ལེན་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུཊ་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགན་ནུས་དང་འགན་འཁྲིར་གཞིས་ཚུགས་ནས“སྣེ་ཁྲིད་དཔུང་ཁག་དང་པོའི”ལས་འགན་ཡག་པོ་སྒྲུབ་པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཁྲོད་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རང་ངོས་གསར་བརྗེའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་བྱེད་ཐབས་ཚང་མ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ལ་སྒྱུར་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་དངོས་ལ་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བརྗོད།

    “《སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པ་ནི་ཏང་གིས་རང་ངོས་གསར་བརྗེས་དང་རང་ངོས་དོ་དམ་གྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཏང་སྲོལ་བཟང་པོ་འཛུགས་པ་དང་། སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད”《སྲོལ་ཡིག》སློབ་སྦྱོང་ཚར་མ་ཐག་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དབྱང་ཅེ་ཡིས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལས་དོན་གྱི་གཡོལ་ཐབས་བྲལ་བའི་རྙོག་འཛིང་རང་བཞིན་དང་ཚད་ལྡན་རང་བཞིན་གྱི་ཁྱད་ཆོས་ལ་དམིགས་ནས་ང་ཚོས《སྲོལ་ཡིག》སློབ་སྦྱོང་དང་དེར་གོ་བ་ཡག་པོ་ལེན་པ་དང་། དྲིལ་བསྒྲགས་དང་གསལ་འགྲེལ་ཡག་པོ། ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་ངེས་ཡིན་པ་མ་ཟད། གཏམ་སྤྱོད་ཚད་ལྡན་དུ་ཡོང་བ་དང་ལས་རིགས་ཀྱི་སྤྱོད་ལམ་ལེགས་སུ་བཏང་སྟེ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བར་སྤྱི་ཚོགས་ཚན་རིག་གི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ངེས་རེད་ཅེས་བརྗོད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཨུ་ལྷན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། 《བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་པ་དང“གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གསལ་འགྲེལ”གྱི་འཆད་ཁྲིད་བྱས་པ། ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་བྱས་པ་བཅས་བརྒྱུད། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས《སྲོལ་ཡིག》ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱུང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

    ཟླ་4ཚེས་16ནས་18ཉིན་བར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་གིས་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་སྒྲིག་ཁྲིམས་གསོ་སྦྱོང་གི་འཛིན་གྲྭ་གཉེར་ནས་རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་གསལ་འགྲེལ་ཉན་པ་དང་སྒེར་གྱི་རང་སྦྱོང་བརྒྱུད། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་སྔར་བས་ཆེ་རུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ལས་ཁུངས་ཏང་ཙུའུ་ཡི་ཁོངས་མི་ཧོ་ཕིང་གིས“སླད་ཕྱིན་གྱི་ལས་དོན་ཁྲོད་ངས‘སྒྲིག་ཁྲིམས་ཁག་དྲུག’ལ་སྣེ་འཁྲིད་ཀྱིས་བརྩི་སྲུང་ནན་པོ་ཞུ་བ་དང་རང་ཉིད་ལ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་ཡོང་བ་བྱེད་ཀྱི་ཡིན”ཞེས་བརྗོད།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་བཀྲས་ལྷུན་དགོན་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་སློབ་སྟོན་པ་ཤེ་ཀྲེ་ལི་ཡིས། སྤྱི་བདེ་དཔུང་ཁག་ནི་ཏང་གི་འགོ་ཁྲིད་གཙང་བཙན་འོག་གི་སྒྲིག་ཁྲིམས་དཔུང་སྡེ་ཞིག་ཡིན་པས་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཏང་ཡོན་དང་སྤྱི་བདེའི་མི་དམངས་ཉེན་རྟོག་པའི་ཐོབ་ཐང་བློ་ལ་བརྟན་པོར་ངེས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་པ་དང་། 《སྲོལ་ཡིག》སློབ་སྦྱོང་དང་དེར་གོ་བ་ཟབ་མོ་ལེན་རྒྱུ་དེ་དོན་དངོས་ཀྱི་ལས་ཀ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས། ཉེན་རྟོག་གི་སྒྲིག་སྲོལ་བཅས་ལ་བརྩི་སྲུང་ཞུས་ནས་གཟུགས་བརྙན་བཟང་པོ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བརྗོད།

    རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཚན་ཞིབ་པུའི་ཀྲུའུ་རེན་གཞོན་པ་ཤེ་ཧུའེ་ཧྲི་ཡིས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་སྒྲིག་ཁྲིམས་ཀྱི་བླང་བྱར་བསྒྱུར་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གྲུབ་འབྲས་གསར་ཤོས་བསྡུ་ལེན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བརྡ་གསལ་པོ་བཏང་བ་རེད། “གཞི་རིམ་དུ་བསྐྱོད་གྲབས་ཡོད་པའི་གྲོང་ཚོར་བཅའ་སྡོད་རུ་མི་གསར་པ་ཞིག་ཡིན་པའི་ངོས་ནས་ངས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་གྱི་ལས་ཀའི་ཁྲོད་འཇོག་པ་དང་དམ་འཛིན་གྱིས་གྲོང་ཚོར་བཅའ་སྡོད་ཀྱི་གཙོ་གནད་ལས་འགན་ལྔར་དམིགས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སྒྲིག་ཁྲིམས་ནན་པོར་བརྟེན་ཏེ་གྲོང་གསེབ་དར་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།