དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འགག་རྩའི་ལྟེ་བའི་ལག་རྩལ་གྱི་མཐུན་སྦྱོར་འགག་སྒྲོལ་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཝུའུ་གཡོད་ཧུའེ།   |     སྤེལ་དུས།  2024-04-24

    《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ཐོན་ཁུངས་གཅིག་སྡུད་བྱས་ནས་འགག་རྩའི་ལྟེ་བའི་ལག་རྩལ་མཉམ་དུ་འགག་སྒྲོལ་བྱེད་པར་སྐུལ་འདེད་བཏང་སྟེ། རྩ་སློག་རང་བཞིན་གྱི་ལག་རྩལ་དང་སྔོན་ཐོན་ལག་རྩལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་བཏོན་ཡོད།

    འགག་རྩའི་ལྟེ་བའི་ལག་རྩལ་མཐུན་སྦྱོར་འགག་སྒྲོལ་གྱི་གལ་ཆེའི་རང་བཞིན་ལ་གོ་བ་ཇི་ལྟར་ལེན་དགོས་སམ།

    “རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཁྲོད་ལག་རྩལ་གཅིག་སྡུད་མཉམ་འདྲེས་དང་གསར་གཏོད་ཀྱི་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད་པ་དང་ལག་རྩལ་གྱི་ཚད་བརྒལ་གལ་ཆེན་དེ་རིག་ཚན་དང་ཁྱབ་ཁོངས་ལས་བརྒལ་བའི་མཉམ་ལས་དང་ཁ་འབྲལ་ཐབས་མེད”ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་ལི་ཏན་ཀྲུང་གིས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་བྱེད་པའི་དཀའ་ཚད་ཆེ་བ་དང་། ཉེན་ཁ་ཆེ་བ། འབྲེལ་ཐག་རིང་བ་བཅས་ཡོད། དེ་དག་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་དང་འཁོར་འབྲེལ་ཧྲིལ་པོའི་མཉམ་ལས་དང་ཁ་འབྲལ་ཐབས་མེད། གསོར་འབིགས་འཕྲུལ་ཆས་ཀྱི་སྙིང་ལྟ་བུ་ཡིན་པའི་འཁོར་རྟེན་གཙོ་བོ་ཆེ་གྲས་དཔེ་མཚོན་དུ་བྱས་ན། དེའི་འགག་སྒྲོལ་གྱི་འབྲེལ་ཐག་ཧ་ཅང་རིང་པོ་ཡོད་ཅིང་། གྲུབ་ཆའི་འཆར་འགོད་དང་། རྒྱུ་ཆ་བཟོ་སྒྲིག ལས་སྣོན་སྒྲིག་སྦྱོར་སོགས་ལྷུ་ཚིགས་མང་པོ་དང་འབྲེལ་བ་ཡོད་པས། གལ་ཏེ་མཐུན་སྦྱོར་ནུས་ལྡན་མ་བྱུང་བ་དང་ལྷུ་ཚིགས་གཅིག་འགག་སྒྲོལ་མ་ཐུབ་ཚེ་རྐང་རྗེས་ལག་སུབ་རང་རེད་ཅེས་བརྗོད། འགག་རྩའི་ལྟེ་བའི་ལག་རྩལ་གྱི་མཐུན་སྦྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བར་གཙོ་གནད་གང་དག་གི་ཐད་ནས་ཤུགས་རྒྱག་དགོས་སམ།

    ཀྲུང་གོ་ཚན་རིག་ཁང་འཕེལ་རྒྱས་འཆར་འགོད་ཅུས་ཀྱི་འགན་འཁུར་བས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་མཐུན་སྦྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ཚན་རིག་དང་མཐུན་པའི་སྒོ་ནས་བརྗོད་གཞི་འདེམས་པ་དང་། མཐུན་སྦྱོར་མཉམ་འདྲེས། གདེང་འཇོག་ཁྲིད་སྟོན། ཐོན་ཁུངས་འགན་ལེན་སོགས་ཀྱི་ཐད་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་ཞེས་བརྗོད།

    ཚན་རིག་དང་མཐུན་པའི་སྒོ་ནས་བརྗོད་གཞི་འདེམས་པའི་ཐད། ཉེར་སྤྱོད་ཀྱི་ཕྱོགས་སྟོན་དང་དགོས་མཁོའི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས་ལས་རིགས་སྡེ་ཚན་དང་སྤྱོད་མཁན་དབར་འབྲེལ་མཐུད་དམ་ཟབ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གོང་ནས་འོག་བར་དང་འོག་ནས་གོང་བར་ཟུང་འབྲེལ་བྱེད་པའི་ཐབས་ལམ་མང་པོའི་བརྗོད་གཞི་འདེམས་པའི་ལམ་སྲོལ་བཙུགས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་གསར་དར་མདུན་གྲལ་མཉམ་འདྲེས་ཁྱབ་ཁོངས་ཀྱི་བཀོད་ཇུས་ལ་ཤུགས་སྣོན་རྒྱག་དགོས།

    མཐུན་སྦྱོར་མཉམ་འདྲེས་ཀྱི་ཐད། རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པའི་འོག་དབང་ཆ་དང་འགན་འཁྲི་ཁ་གསལ་དང་འཁོར་སྐྱོད་ནུས་ཆེའི་མཉམ་འབྲེལ་འགག་སྒྲོལ་བྱེད་སྟངས་འཚོལ་ཞིབ་དང་འཛུགས་སྐྱོང་བྱེད་དགོས། གཙོ་གནད་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་བརྒྱུད་རྒྱལ་ཁབ་ཚོད་ལྟ་ཁང་དང་། ཚན་རིག་ཞིབ་འཇུག་ཁང་། མཐོ་སློབ། ཁེ་ལས་སོགས་ཚན་རྩལ་སྟོབས་ཤུགས་གཅིག་གྱུར་འཆར་འགོད་ནུས་ལྡན་བྱས་ཏེ་མཐུན་སྦྱོར་འགག་སྒྲོལ་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ། གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    གདེང་འཇོག་དང་ཁྲིད་སྟོན་བྱེད་པའི་ཐད། ལས་འགན་གྱི་ཕྱོགས་སྟོན་སྔར་བས་ཆེ་རུ་གཏོང་བ་དང་། ལེགས་སྐྱེས་དང་ཕན་འབྲས་སྲོག་ཤིང་དུ་འཛིན་པའི་གདེང་འཇོག་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ལུགས་མཐུན་གྱི་གདེང་འཇོག་དམིགས་ཚད་བཀོད་སྒྲིག་བྱེད་པ་བརྒྱུད། ཚན་ཞིབ་མི་སྣ་གཞིས་ཆགས་ཐུབ་པ་དང་ཞིབ་འཇུག་གཏིང་ཟབ་ཡོང་བར་བྱས་ནས་འགག་སྒྲོལ་དཀའ་སེལ་ཕོད་པར་བྱས་ཏེ། རྩ་སློག་རང་བཞིན་དང་རྒྱང་ལྟའི་རང་བཞིན་ལྡན་པའི་ཞིབ་འཇུག་ལས་དོན་སྤེལ་དགོས།

    གཞན་ཡང་ད་དུང་ཐོན་ཁུངས་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་གྱི་དགོས་མཁོར་གཞིགས་ནས། ཀྲུང་དབྱང་དང་། ས་གནས། ཁེ་ལས། སྤྱི་ཚོགས་ཀྱི་མ་རྩ་སོགས་ལས་གྲུབ་པའི་སྣ་མང་ཅན་གྱི་རོགས་སྐྱོར་མ་ལག་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་། ཤེས་ལྡན་པ་དང་། མ་དངུལ། ཡོ་བྱད་དང་སྒྲིག་ཆས་སོགས་གསར་གཏོད་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།