དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདི་ལོའི་དཔྱིད་ཀ་ཤར་ཚུན“བྱང་གསུམ”ལས་གྲྭའི་ཁུལ་དུ་ནགས་བཟོ་རྩྭ་འདེབས་མུའུ་ཁྲི་2000ལྷག་ཙམ་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-24

    གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་2024ལོའི་དུས་ཚིགས་གཉིས་པའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དཔྱིད་ཀ་ཤར་ཚུན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལས་དོན་ཚོགས་ཆུང་15སྒྲིག་འཛུགས་བྱས་ནས“བྱང་གསུམ”གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་ཏུ་གླིང་ཁུལ་འགན་གཙང་དང་བཅའ་སྡོད་བྱེད་པར་བསྐྱོད་དེ་རྣམ་གྲངས་སྐྲུན་འགོ་འཛུགས་པར་སྐུལ་འདེད་བཏང་ཞིང་། མིག་སྔར“བྱང་གསུམ”ལས་གྲྭའི་ཁུལ་དུ་རྣམ་གྲངས་40ལས་འགོ་ཚུགས་ཟིན་པ་དང་ནགས་བཟོ་རྩྭ་འདེབས་མུའུ་ཁྲི་2000ལྷག་ཙམ་ལེགས་གྲུབ་ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་པེ་དང་། ནང་སོག ཧྲན་ཤིས། ཀན་སུའུ། ཉིང་ཞ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཚང་མས“བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱ་ཁྱབ་བསྒྲགས་བྱས་ཤིང་། ནང་སོག་གིས་ལོ་ཧྲིལ་པོར་བྱེ་འགྱུར་ས་ཞིང་མུའུ་ཁྲི་1500ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུའི་དམིགས་ཚད་བཏོན་པ་དང་། ཧོ་པེས་ལོ་ཧྲིལ་པོར་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་600དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་50སླར་གསོ་བྱ་རྒྱུའི་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་ཐུབ་རྒྱུའི་བླང་བྱ་བཏོན་པ། ཀན་སུའུ་ཡིས་ལོ་ཧྲིལ་པོར་ནགས་བཟོ་རྩྭ་འདེབས་དང་བྱེ་བཅོས་མུའུ་ཁྲི་945ལེགས་སྒྲུབ་བྱ་རྒྱུའི་བླང་བྱ་བཏོན་པ། ཉིང་ཞ་ཡིས་ལོ་ཧྲིལ་པོར་ནགས་བཟོ་རྩྭ་འདེབས་མུའུ་ཁྲི་150ལེགས་སྒྲུབ་དང་ཐང་རྒོད་ཅན་མུའུ་ཁྲི་90བཅོས་སྐྱོང་བྱ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།