དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་ནན་པའོ་ཅིང་གིས་གྲངས་གཞིའི་ལག་རྩལ་སྤྱད་དེ་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱེད་པ་དང་ཀུན་ཕན་དངུལ་རྩ་ཇ་ཞིང་དུ་ཁྱབ་གདལ་གཏོང་བ།

    “ཇ་ལོའི་དངུལ་བུན་རག་པས་ཐོན་སྐྱེད་རྒྱ་ཆེར་གཏོང་བའི་གདེང་ཚོད་ཆེ་རུ་ཕྱིན་སོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ། ཧྲེན་ཀྲི་ལིན།   |     སྤེལ་དུས།  2024-04-24

    འདི་ནི་ཧྲི་ཁྲུན་ལན་དང་བཟའ་ཟླས་ཇ་ལོ་སོས་པ་གྲིབ་སྐམ་བཏང་ནས་སྔོ་བཏུལ་གྱི་གྲ་སྒྲིག་བྱེད་བཞིན་པ།

    འབྲུ་ཆར་འབབ་པའི་སྐབས་ཀྱི་ས་སྲོས་སུ་ཇ་ལོ་འཐུ་མཁན་ཚོས་ཇ་ལོ་སོས་པ་སི་རའི་ནང་བླུགས་ཏེ་སྒལ་པར་ཁུར་ནས་གསེར་མདོག་གི་ཇ་རི་ནས་འབབ་བཞིན་ཡོད། ཇ་ལོ་བརྔོས་ཚར་མ་ཐག་པའི་ཧྲི་ཁྲུན་ལན་གྱིས་རང་ཁྱིམ་གྱི་ཇ་བཟོ་གྲྭའི་སྒོ་འགྲམ་དུ་ཇ་ལོ་འཐུ་མཁན་རྣམས་བསྒུགས་ནས་བསྡད་ཡོད།

    ཞིབ་བཤེར་རྩིས་ལེན་དང་། རྒྱ་མར་འགྱོགས་པ། གྲིབ་སྐམ་གཏོང་བ་སོགས་ཀྱི་ལས་ལ་བྲེལ་རྗེས། ཚང་མས་ཅོག་ཙེ་གྲུ་བཞིའི་མཐར་སྐོར་བསྡད་ནས་ཡོང་འབབ་རྩིས་བཞིན་ཡོད། “ཀྲང་ཡུས་ཀྲེན་གྱི་རྒྱ་མ་10.1ལ་སྒོར་252དང་། ཤང་མིང་ཅུས་ཀྱི་རྒྱ་མ་9ལ་སྒོར་225”ཞེས་པ་སོགས་ཧྲི་ཁྲུན་ལན་གྱིས་རྩིས་ཐོ་འགོད་ཀྱིན་དངུལ་ཁུག་ནང་ནས་དངུལ་བཏོན་ཏེ་ཇ་ལོའི་རིན་པ་སྤྲད།

    ཧྲི་ཁྲུན་ལན་གྱི་ཇ་ཞིང་དང་ཇའི་བཟོ་གྲྭ་ནི་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་པའོ་ཅིང་རྫོང་ཧུའུ་ལུའུ་གྲོང་རྡལ་ཐའོ་ཧྭ་ཕིང་གྲོང་ཚོའི་རི་རྩེར་གནས་པ་དང་སྔོ་ཇ་སྤུས་དག་གཙོ་གཉེར་བྱེད་ཀྱི་ཡོད། ཁོང་གིས“2017ལོར་ང་རང་ཕ་ཡུལ་དུ་ལོག་ནས་ཇ་ལོའི་ལས་ལ་གཞོལ་བ་དང་འདི་ལོ་ཇ་ལོའི་དངུལ་བུན་རག་པས་ཐོན་སྐྱེད་རྒྱ་ཆེར་གཏོང་བའི་གདེང་ཚོད་ཆེ་རུ་ཕྱིན་སོང”ཞེས་བཤད།

    གང་ཞིག་ལ་ཇ་ལོའི་དངུལ་བུན་ཟེར་རམ།

    དེ་ནི་ཇ་ལོ་འདེབས་མཁན་ཞིང་པར་དམིགས་ནས་བཏང་བའི་དངུལ་བུན་གྱི་ཐོན་རྫས་ཤིག་རེད།

    གྲོང་ཚོས་མཐིལ་རྟོགས་བརྟག་དཔྱད་དང་། གྲོང་རྡལ་གྱིས་སྤྱི་འདོམས། རྫོང་ཇ་ལོ་གཞུང་ལས་ཁང་དང་དངུལ་རྩ་གཞུང་ལས་ཁང་སོགས་སྡེ་ཚན་གྱིས་མ་དངུལ་གྱི་རྒྱབ་སྐྱོར་བྱེད་དགོས་པའི་ཇ་ལོ་འདེབས་མཁན་ཞིང་པའི་ཆ་འཕྲིན་ཤེས་རྟོགས་བཅས་བྱས་ནས་ཞིང་ལས་དངུལ་ཁང་དང་། ཞིང་ལས་ཚོང་ལས་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་གྲོང་ཚོར་བསྐྱོད་དེ་སྲིད་ཇུས་སྐོར་ལ་འགྲེལ་བཤད་དང་དངུལ་བུན་གྱི་འགྲོ་ལུགས་གཉེར་ཡོད།

    ཉིན་དེར་ཞིང་ལས་དངུལ་ཁང་པའོ་ཅིང་ཉིང་ལག་དངུལ་ཁང་གི་བསྐྱར་དར་ཉིང་ལག་དངུལ་ཁང་དྲ་ཚིགས་ཀྱི་ཀྲུའུ་རེན་ཤང་ཤའོ་གྲོང་ཚོར་བསྐྱོད་དེ་དོགས་གཞིར་ལན་བརྒྱབ་པ་རེད།

    གཏའ་མ་མེད་ཀྱང་དངུལ་བུན་གཡར་ཆོག་གམ། “དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་དང་བྱ་ཐབས་སྤྱད་དེ་ང་ཚོས་ཐོན་ལས་ཀྱི་རྣམ་པ་དང་མ་ལག་ཚོད་འཛིན་ལེགས་གྲུབ་བྱུང་བའི་ཁར་གྲོང་ཚོ་དང་གྲོང་རྡལ་གྱིས་མཐིལ་རྟོགས་བྱས་ནས་ཡིག་ཚགས་བཟོས་པའི‘མིང་ཐོ་དཀར་པོ’ཡོད་ཚེ་གཏའ་མ་མེད་ནའང་དངུལ་བུན་གཡར་ཆོག་གི་ཡོད”

    དངུལ་གྲངས་ཉུང་དྲགས་ཚེ་གོ་ཆོད་པོ་དེ་ཙམ་མེད། “འདེབས་འཛུགས་ཀྱི་མ་གནས་མཐོ་བར་བསམ་གཞིག་བྱས་ནས་ང་ཚོས་གཙོ་བོ་མ་འཇོག་དང་ཐོན་འབབ་ཀྱི་རྣམ་པའི་ཐོག་ནས་ཡིད་རྟོན་ཞིབ་བཤེར་གཏན་འཁེལ་བྱས་ཏེ་ཚང་མས་དངུལ་བུན་སྒོར་ཁྲི་30ནས་ཁྲི་50བར་གཡར་ཆོག་གི་ཡོད”

    ཇ་ལོ་རྩེ་གྲ་སྐྱེ་འཚར་གྱི་དུས་ཡུན་རིང་བས། ཐོག་མའི་དུས་སུ་དངུལ་བུན་འཇལ་བར་གནོན་ཤུགས་འཕྲད་ཚེ་གང་འདྲ་བྱེད་དགོས་སམ། “དངུལ་བུན་གྱི་དུས་བཅད་རིང་ཤོས་ལོ་3ཡིན་པ་དང་དེའི་རིང་དངུལ་བུན་འཇལ་མི་དགོས། འཚར་ལོངས་ཀྱི་དུས་ཡུན་དང་འདེབས་འཛུགས་ཀྱི་ལོ་ཚད་ཟུང་འབྲེལ་བྱས་ནས་དངུལ་བུན་གཏོང་བའི་དུས་བཅད་རིང་ཤོས་ལོ་5བར་ནར་འགྱངས་བྱེད་ཆོག”

    ཤང་ཤའོ་ཡིས་འགྲེལ་བཤད་ཡག་པོ་བརྒྱབ་པ་མ་ཟད། གྲོང་ཚོའི་ནང་རྟག་ཏུ་ལས་སྒོ་གཉེར་གྱི་ཡོད་པས་ཧྲི་ཁྲུན་ལན་ལ་སློབ་གསོ་ཐེབས་ཡོད།

    “ཇ་བཟོ་གྲྭའི་སྔོ་བཏུལ་འཕྲུལ་འཁོར་ཆུང་དྲགས་པ་དང་སྲོ་སྐམ་འཕྲུལ་འཁོར་རྙིང་པ་ཡིན་པས་སྒྲིག་ཆས་བརྗེ་བར་འགྲོ་སོང་སྒོར་ཁྲི་གཉིས་གསུམ་གཏོང་དགོས་པ་དང་། འདེབས་འཛུགས་བྱེད་མང་དུ་གཏོང་བ་དང་ཉོ་སྒྲུབ་བྱེད་མང་དུ་གཏོང་དགོས་པས་ཉུང་མཐར་ཡང་སྒོར་ཁྲི་བཅུ་ལྷག་ཙམ་དགོས་ཀྱི་ཡོད”ཧྲི་ཁྲུན་ལན་གྱིས་རེ་ཞུ་ཕུལ་བ་དང“ལས་ཀ་བྱེད་འདོད་ཀྱང་མ་དངུལ་སྒོར་ཁྲི་20ཙམ་འདང་གི་མེད་པས་སྔོན་ལ་ཚོད་ལྟ་ཞིག་བྱེད་ཀྱི་ཡིན”ཞེས་བཤད།

    དངུལ་ཁང་གི་ལས་དོན་པ་འཕྲལ་མར་སྒོ་འགྲམ་དུ་ཡོང་བས་ཁོང་ཧང་སངས། “ང་ཚོས་ཧུའུ་ལུའུ་གྲོང་རྡལ་དང་། ལུའི་ཏུང་ཧྲན་གྲོང་རྡལ། ཧྲུའེ་ཐན་ཧོ་གྲོང་རྡལ་སོགས་ཇ་ལོ་རྩེ་གྲ་ཐོན་ཁུལ་གཙོ་བོར་གྲོང་ཚོ་ཧྲིལ་པོ་དང་ཡུག་ཁུལ་ཧྲིལ་པོར་ཀུན་ཕན་དངུལ་རྩ་ཁྱབ་གདལ་ལ་སྐུལ་འདེད་བཏང་ནས་རྒྱབ་སྐྱོར་མཁོ་བའི་ཞིང་དུད་འབྲིང་ཆུང་ལ་ཞབས་འདེགས་ཞུ་གི་ཡོད” ཤང་ཤའོ་ཡིས“ཐའོ་ཧྭ་ཕིང་གྲོང་ཚོའི་ཐོན་ལས་དུད་ཚང་ཆེ་མོས་འོས་སྦྱོར་དང་། གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་གནད་འགག་དམ་འཛིན་ལ་རམ་འདེགས། གྲོང་ཚོའི་ཙུའུ་ཀྲང་དཔྱད་བསྡུར་ནང་ཞུགས་པ་བཅས་བྱས་པ་བརྒྱུད་དངུལ་བུན་གཏོང་བའི་དགོས་མཁོ་ཡོད་པའི་དུད་ཚང་15ཡོད་པའི་ནང་ཁྱེད་རང་ཚུད་འདུག”ཅེས་བཤད།

    “ང་ཚོར་རྒྱུ་ནོར་དེ་ཙམ་མེད་ཀྱང་ཇ་འདེབས་པའི་ལག་རྩལ་ཧ་ཅང་ཡག་པོ་ཡོད”ཧྲི་ཁྲུན་ལན་གྱིས་རང་ཁྱིམ་གྱི་སྟོབས་ཤུགས་མངོན་པར་བྱས། ཁོང་གིས་ལས་དོན་མི་སྣ་ཁྲིད་དེ་ས་ཞིང་འགན་གཙང་ལེན་པའི་གན་རྒྱ་གཏན་འཁེལ་དང་བཟོ་ཁང་གི་སྒྲིག་ཆས་ལ་ལྟ་སྐོར་བྱས་པ་མ་ཟད། ད་དུང་ཇ་སྡོང་ལ་གཡོག་བྱེད་དང་སྲུང་སྐྱོང་བྱེད་སྟངས་སྐོར་ཡང་བཤད།

    འདྲི་རྩད་དང་། པར་རྒྱག དཔང་རྟགས་ལེན་པ་བཅས་བྱས་ཚར་རྗེས་ལས་དོན་པས་ངོས་ལེབ་གློག་ཀླད་ཁ་ཕྱེ་ནས་ཇ་ཞིང་གི་འགྲམ་དུ་ཡིད་རྟོན་དངུལ་བུན་སྒོར་ཁྲི་20བཏང་བ་རེད།

    མིག་སྔའི་བར། ཞིང་ལས་དངུལ་ཁང་པའོ་ཅིང་ཉིང་ལག་དངུལ་ཁང་གིས་ཇ་ལོའི་དངུལ་བུན་སྒོར་དུང་ཕྱུར་1.4སྤྲད་དེ་པའོ་ཅིང་རྫོང་གི་ཞིང་པ་དུད་ཚང་3600ལྷག་ཙམ་ལ་ཁྱབ་པ་དང་ཐའོ་ཧྭ་ཕིང་གྲོང་ཚོའི་མཐའ་འཁོར་གྱི་དུད་ཚང་320ལྷག་ཙམ་ལ་ཡིད་རྟོན་དངུལ་བུན་རག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།