དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡོད་ཁང་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-24

    ཉེ་ཆར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་བརྡ་ཐོ་བཀྲམ་ནས་སྡོད་ཁང་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། 2024ལོའི་ལོ་མཇུག་གོང་། 2023ལོ་དང་དེའི་གོང་ལ་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གཞི་རྩའི་ཆ་ནས་བསལ་ཏེ་ཐོན་སྐྱེད་བདེ་འཇགས་ལས་འཛོལ“གཉིས་ཆག”གི་བརྩོན་ལེན་བྱེད་རྒྱུ་རེད། 2026ལོའི་ལོ་མཇུག་གོང་། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་སྟབས་བསྟུན་སེལ་བའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་ཆགས་པར་བྱས་ནས་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་བསྡོམས་འབོར་དང་བལྟོས་བཅས་ཀྱི་དམིགས་ཚད་མངོན་གསལ་དོད་པོས་དམའ་རུ་གཏོང་རྒྱུ་རེད།

    བརྡ་ཐོའི་ནང་ཨར་ལས་བདེ་འཇགས་ཀྱི་སྔོན་ཚུད་སྔོན་འགོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཨར་ལས་བདེ་འཇགས་གྲངས་འཛིན་ཅན་གྱི་ལྟ་འདོམས་མ་ལག་སྐྲུན་པ། ཁྲོམ་རའི་ས་ཡུལ་དངོས་ཀྱི་ལྟ་འདོམས་མཉམ་འགུལ་ནུས་ལྡན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཁྲིམས་སྒྱུར་བྱེད་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ལས་འགན་གཙོ་བོའི་ཐད་ཞིབ་ཕྲའི་བྱ་ཐབས་བཏོན་ཡོད། དེའི་ནང་། སྐྲུན་བཞིན་པའི་སྡོད་ཁང་འཛུགས་སྐྲུན་ལས་གྲྭར“ཁེ་ལས་དང་། རྣམ་གྲངས། སྒྲིག་ཆས་བཅས་རེ་རེ་བཞིན”ཞིབ་བཤེར་བྱེད་དགོས་པ་དང་། ལོ་ལྟར་ཉུང་མཐར་ཡང་ཁྱོན་ཡོངས་ལ་ཁྱབ་པའི་སྒོ་ནས་གྲལ་བཤེར་རེས་སྐོར་གཉིས་བྱས་ཏེ་གྲལ་བཤེར་དག་ཐེར་གྱི་འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་ཐུབ་པར་བྱེད་དགོས། གྲལ་བཤེར་མ་བྱས་པའམ་ཡང་ན་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་ཐུབ་ཀྱང་དུས་ཐོག་ཏུ་བཅོས་སྒྲིག་མ་བྱས་པའི་རིགས་ལས་འཛོལ་བརྟག་དཔྱད་ཐག་གཅོད་ཀྱི་གོ་རིམ་གཞིར་བཟུང་གནད་དོན་གྱི་འབྱུང་རྩ་རྩད་ཆོད་གསལ་པོ་བྱས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་བཞིན་འགན་འཁྲི་རྩད་ཆོད་དང་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། 2024ལོའི་ལོ་མཇུག་གོང་། རྒྱལ་ཡོངས་ཀྱི་སྡོད་ཁང་གྲོང་དོན་ལས་གྲྭའི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི“དམར་འདོན་ལས་སྟེགས”བསྐྲུན་རྒྱུ་རེད།

    བརྡ་ཐོ་གཞིར་བཟུང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་ལོ་ལྟར་རྒྱལ་ཡོངས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་དུས་ཚིགས་རེར་རྩ་བཅོས་འགག་སྒྲོལ་བྱ་སྤྱོད་ཀྱི་འཕེལ་རིམ་གནས་ཚུལ་བཀོད་གཏོང་བྱེད་རྒྱུ་དང་། ཟླ་རེར་ཞིང་ཆེན་རིམ་པའི་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་ལ་རྩ་བཅོས་འགག་སྒྲོལ་བྱ་སྤྱོད་སྤེལ་རིང་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་གནས་ཚུལ་བརྡ་ཁྱབ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།