དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲངས་གཞི་མཉམ་སྤྱོད་བྱས་ནས་ནུས་རྒྱུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-24

    གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། 2021ལོར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ནུས་རྒྱུ་ཅུས་དབར་གྲངས་གཞི་མཉམ་སྤྱོད་ཀྱི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་ནས་བཟུང་། སྡེ་ཚན་གཉིས་ཀྱིས་གྲངས་གཞི་མཉམ་སྤྱོད་བྱེད་པ་བརྒྱུད་ནུས་རྒྱུར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་རྒྱུའི་ལས་རིགས་ཀྱི་བདེ་འཇགས་ཉེན་ཁ་འགོག་ཟོན་དང་བསལ་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱས་པ་རེད།

    ནུས་རྒྱུའི་ལས་རིགས་ཀྱི་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་འཚོལ་བཤེར་ལ་རྒྱབ་སྐྱོར་བྱས་ཡོད། མིག་སྔའི་བར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཁབ་ནུས་རྒྱུ་ཅུས་ལ་ཁེ་ལས་ཀྱི་རྨང་གཞིའི་ཆ་འཕྲིན་དང་། གཉེར་སྐྱོང་རྒྱུན་ལྡན་མིན་པའི་མིང་ཐོའི་ཆ་འཕྲིན། ཁྲིམས་འགལ་ཚབས་ཆེན་གྱི་ཡིད་རྟོན་མེད་རིགས་ཀྱི་མིང་ཐོའི་ཆ་འཕྲིན་སོགས་ཁྱོན་བསྡོམས་ཆ་འཕྲིན་ཁྲི་2214མཁོ་འདོན་བྱས་པ་རེད། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཆ་འཕྲིན་དེ་དག་འོས་ཐོབ་དང་ཡིད་རྟོན་ཆ་འཕྲིན་མ་ལག་ནང་བཅུག་ནས་ནུས་རྒྱུའི་ལས་རིགས་ཀྱི་ཁེ་ལས་ཁྲི་14ཡི་ཆ་འཕྲིན་དུས་ཐོག་ཏུ་གསར་བརྗེས་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་འབྲེལ“ཡིད་རྟོན་ནུས་རྒྱུའི”དྲ་ཚིགས་ཐོག་འཚོལ་བཤེར་ཞབས་ཞུའང་མཁོ་འདོན་བྱས་པ་རེད།

    ཁེ་ལས་ཀྱི་ཆ་འཕྲིན་ཞིབ་དཔྱད་དང་འགྲོ་ལུགས་སྟབས་བདེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁེ་ལས་ཀྱི་རྨང་གཞིའི་ཆ་འཕྲིན་སོགས་མཁོ་འདོན་བྱས་ནས་ནུས་རྒྱུའི་ལས་རིགས་ཀྱི་སྲིད་འཛིན་ཆོག་འཐུས་བརྒྱུད་རིམ་ཁྲོད་ཁེ་ལས་ཀྱི་ཆ་འཕྲིན་ཞིབ་བསྡུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་ཀྱི་ཆ་འཕྲིན་བདེན་པ་བདེན་ཐུབ་དང་ཡང་དག་ཡོང་བར་བྱས་པ་དང་། གསལ་བསྒྲགས་ཁས་ལེན་ལམ་ལུགས་ཀྱི་ཐོག་ནས་ཆོག་འཐུས་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་རེ་ཞུའི་དཔྱད་གཞི་སྟབས་བདེ་རུ་ཤུགས་ཆེན་བཏང་བ་རེད། མིག་སྔའི་བར་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་སྲིད་འཛིན་ཆོག་འཐུས་ལས་སྒོ་ཁྲི་4.2ལྷག་ཙམ་བདེ་བླག་ངང་གཉེར་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཡོད།

    ཡིད་རྟོན་སྙན་ཞུ་རྩོམ་སྒྲིག་འགྲེམས་སྤེལ་དང་ཉེན་ཁའི་སྔོན་བརྡ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱས་ནས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཡིད་རྟོན་ལས་དོན་གྱི་འབྲེལ་ཡོད་སྙན་ཞུ་སྣ་ཚོགས་བཟོ་འགོད་དང་ཡོངས་བསྒྲགས་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། ད་བར་ནུས་རྒྱུའི་ལས་རིགས་ཀྱི་ཡིད་རྟོན་མེད་རིགས་ཀྱི་བསླབ་སྡོམ་བྱ་ཡུལ་བསྡོམས་རྩིས་དབྱེ་ཞིབ་བྱེད་པའི་ཟླ་རེའི་སྙན་ཞུ་དུས་ཐེངས་10རྩོམ་སྒྲིག་འགྲེམས་སྤེལ་བྱས་པ་དང་། ནུས་རྒྱུ་དང་གློག་ཤུགས་ཁྱབ་ཁོངས་ཀྱི་ཡིད་རྟོན་གྱི་ལོ་འཁོར་སྙན་ཞུ་བསྟུད་མར་ཁྱབ་བསྒྲགས་བྱས་ནས་ནུས་རྒྱུའི་ཁེ་ལས་ཁྲི་10ཙམ་གྱི་ཡིད་རྟོན་གནས་ཚུལ་ལ་བརྒྱུད་རིམ་ལྡན་པའི་གདེང་འཇོག་དང་དབྱེ་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།