དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧའི་ཧོར་གོ་སི་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཁྲི་བརྒྱ་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-24

    ཟླ་བ་4པར་གནམ་གཤིས་དྲོ་རུ་ཕྱིན་པ་དང་ཆབས་ཅིག་ཤིན་ཅང་དབྱི་ལི་ཧ་སག་ཁེ་རང་སྐྱོང་ཀྲོའུ་ཧོར་གོ་སི་གྲོང་ཁྱེར་དུ་གནས་པའི་ཀྲུང་ཧའི་ཧོར་གོ་སི་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་ཀྱིས་མཐའ་མཚམས་ཡུལ་སྐོར་དང་། རྒྱལ་སྒྲོལ་ཡུལ་སྐོར། ཉོ་ཚོང་ཡུལ་སྐོར་བཅས་ཀྱི་མཐོ་རླབས་བསུས་ཡོད། ཧོར་གོ་སི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གྲངས་གཞིར་གཞིགས་ན། ཟླ་བ་4པ་ཚུན་ཀྲུང་ཧའི་ཧོར་གོ་སི་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་ནས་ཉིན་ལྟར་འགྲོ་འོང་བྱེད་མཁན་མི་ཐེངས་12000ལྷག་ཙམ་ཟིན་པ་དང་མང་ཤོས་ལ་ཉིན་གཅིག་ལ་མི་ཐེངས་19000ལྷག་ཙམ་ཟིན་གྱི་ཡོད། ཟླ་4ཚེས་19ཉིན་བར་2024ལོར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་134ལྷག་ཙམ་ལ་དཔྱད་བཤེར་བྱས་ཡོད། འདི་ནི་ཟླ་4ཚེས་19ཉིན་ཀྲུང་ཧའི་ཧོར་གོ་སི་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་སུ་ཧ་སག་སི་ཐན་གྱི་ཡུལ་སྐོར་བས་ཀྲུང་གོའི་ས་ཁོངས་ནང་ཉོ་སྒྲུབ་བྱེད་པར་ཡོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།