དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ཅན་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-24

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་19ཉིན། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ཚན་ཞིབ་མཉམ་ལས་དང་སྤེལ་རེས་ཀྱི་སྐུལ་འདེད་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཚན་ཞིབ་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ཅན་འཛུགས་སྐྱོང་གི་འཕེལ་རིམ་ལ་སྐུལ་འདེད་ཟམ་མི་ཆད་པར་ཐེབས་པ་དང་འབྲེལ། མཚོ་སྔོན་པོའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ཅན་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། མིག་སྔར། མཚོ་སྔོན་པོའི་མཉམ་ལས་ཚན་ཞིབ་ཚན་པ་20ལྷག་ཡོད་པ་དང་། ཞིབ་འཇུག་བྱ་གཞི་གལ་ཆེན་80ལྷག་ཙམ་གྲུབ་པ། མཚོ་སྔོན་པོའི་ཁྱབ་ཁོངས་དང་འབྲེལ་བའི་ཚན་ཞིབ་དཔྱད་རྩོམ་དང་རྩོམ་ཡིག་200ལྷག་ཙམ་སྤེལ་ཡོད།

    མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ཚན་ཞིབ་མཉམ་ལས་དེ་1961ལོར་འགོ་བཙུགས་པ་དང་། འབྲེལ་ཡོད་ཚན་ཞིབ་ཁང་གིས་མཚོ་སྔོན་པོའི་ས་གཤིས་དང་ཆུར་གནས་སྲོག་ཆགས་སོགས་ལ་ཚན་རིག་རྟོག་ཞིབ་བྱས་པ་དང་། 2005ལོ་ནས་ད་བར། ཀྲུང་གོ་ཚན་རིག་ཁང་སོགས་འབྲེལ་ཡོད་ཚན་རིག་ཁང་གིས་མཚོ་སྔོན་པོར་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་ཞིབ་འཇུག་བྱ་གཞི་མཉམ་ལས་བྱས་ཏེ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚོ་མཚེའུ། རྩྭ་ར། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོང་དང་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་དེས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་གཙོ་གནད་སྐྱེ་ཁམས་ཀྱི་དམིགས་ཚད་བརྟན་ཐོག་ཡར་འཕེལ་བྱུང་སྟེ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་དེ་བས་བརྟན་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།