དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བཟོ་ཚོང་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གི་ཁག་དང་པོའི“བོད་ཀྱི་ཁག་ཐེག་དངུལ་བུན”སྒོར་ཁྲི1000དོན་འཁྱོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-24

    “ཀུང་སིས་དངུལ་བུན་རེ་ཞུ་བྱས་པ་ནས་ཞིབ་མཆན་བཀོད་པའི་བར་གཟའ་འཁོར་གཉིས་ལས་འགོར་མ་སོང་བས། བཟོ་ཚོང་དངུལ་ཁང་གིས་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཧ་ཅང་ཡག་པོ་འདུག”ཅེས་ཆབ་མདོ་གྲོང་ཁྱེར་དམངས་གཉེར་ཁེ་ལས་ཆུང་གྲས་ཀྲུང་བོད་མནའ་འབྲེལ་རྡོ་སྣུམ་ཕྱིར་ཚོང་ཚད་ཡོད་ཀུང་སིའི་འགན་འཁུར་བས་དགའ་ཚོར་ཆེན་པོས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་སྤྱི་འདོམས་མཛུབ་ཁྲིད་འོག ཉེ་ཆར། བཟོ་ཚོང་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གིས་ཀྲུང་བོད་མནའ་འབྲེལ་རྡོ་སྣུམ་ཕྱིར་ཚོང་ཚད་ཡོད་ཀུང་སིར་ཁག་དང་པོའི“བོད་ཀྱི་ཁག་ཐེག་དངུལ་བུན”སྒོར་ཁྲི1000བདེ་བླག་ངང་སྤྲད་པ་དང་སྐྱེད་ཁ་1.45%ཡིན་ཞིང་། བོད་ལྗོངས་གཙང་ཅིན་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཚད་ཡོད་ཀུང་སིས་དེར་ཁག་ཐེག་བྱས་ཡོད།

    དངུལ་བུན་བདེ་བླག་ངང་དོན་འཁྱོལ་ཐུབ་པ་དེས་དམངས་གཉེར་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་བསལ་བ་མ་ཟད། དམངས་གཉེར་ཁེ་ལས་ཆུང་གྲས་ཀྱི་འཕེལ་རྒྱས་ནུས་པ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ཆེ་རུ་ནུས་ལྡན་ཕྱིན་ཏེ། གྲོང་ཁྱེར་ཡོངས་ཀྱི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།