དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2024ལོའི་མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས་བཅས་ཀྱི་སྐོར་ལམ་ཆེན་པོའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-24

    ཉེ་ཆར། མེ་འཁོར་ཨང་རྟགས་Y891ཟི་ལིང་བབས་ཚུགས་ནས་དལ་གྱིས་ཐོན་པ་དང་བསྟུན་ནས་པེ་ཅིང་དང་། ཅང་སུའུ། ཤང་ཀང་སོགས་ས་ཁུལ་ནས་ཡོང་བའི་ཡུལ་སྐོར་བ་100ལྷག་ཙམ“མཁའ་ལམ་གྱི་སྐལ་བཟང་མེ་ཏོག གངས་ལྗོངས་ཀྱི་སྤོབས་པ་ཆེན་པོ”རྟགས་ཅན་གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ལ་བསྡད་དེ་དུས་ཡུན་ཉིན་11རིང་གི་མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས་བཅས་ཀྱི་སྐོར་ལམ་ཆེན་པོར་ཡུལ་སྐོར་བྱེད་འགོ་ཚུགས་ཡོད། འདི་ནི་2023ལོར་མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས་བཅས་ཀྱི་སྐོར་ལམ་ཆེན་པོའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་བཏང་རྗེས་མཚོ་བོད་ཚོགས་པ་ཀུང་སིས་འདི་ལོ་བཏང་བའི་མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས་བཅས་ཀྱི་སྐོར་ལམ་ཆེན་པོའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཐོག་མ་དེ་རེད།

    ད་ཐེངས་བཏང་བའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ནི་ཆ་ཚང་འབོལ་ཁྲི་དང་གསོ་རླུང་ཡོད་པའི་མེ་འཁོར་ཡིན་པ་དང་ལམ་ཐག་ཧྲིལ་པོར་ཡུལ་སྐོར་སྣེ་ཤན་པ་དང་སྨན་པ་བཀོད་སྒྲིག་བྱས་ཡོད། ཆེད་སྤྱོད་མེ་འཁོར་དེར“དགོང་མོ་སྐྱོད་པ་དང་། ཉིན་མོ་ཡུལ་སྐོར། སྐྱོད་ཞོར་སྡོད་པ”དང“ལམ་ཐིག་གཅིག་ཏུ་ཡུལ་སྐོར་མང་པོ་དང་སྤ་སེ་གཅིག་གིས་འཐུས་པའི”ཡུལ་སྐོར་བྱེད་སྟངས་སྤྱད་དེ“མེ་འཁོར་མི་དང་བསྟུན་ནས་སྐྱོད་པ་དང་། མེ་འཁོར་ལ་བསྡད་ནས་ཡུལ་ལྗོངས་ལ་ལྟ་བའི”འགྲུལ་པའི་ཡུལ་སྐོར་གྱི་རེ་འདུན་སྐོང་གང་ཐུབ་བྱས་ཡོད། དབྱར་གྲོང་ཟི་ལིང་ནས་ས་མཐོའི་མུ་ཏིག་གྲོང་གོར་མོ་བར་དང་། དར་གོས་ལམ་བུའི་གནས་མཆོག་ཏུན་ཧོང་ནས་ཉི་འོད་གྲོང་ཁྱེར་ལྷ་ས་བར། ཉིང་ཁྲི་ནས་གཞིས་རྩེ་བར་བཅས་ཐེངས་གཅིག་ལ་མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་བརྒྱུད་དེ་ཡུལ་སྐོར་བར་གྲམ་ཐང་དང་། གངས་རི། ཚྭ་རྫིང་། བྱེ་ཐང་། རྩྭ་ཐང་སོགས་ནུབ་རྒྱུད་ཀྱི་དམིགས་བསལ་མཛེས་ལྗོངས་དང་ས་བབ་ཆགས་ཚུལ་མྱོང་རོལ་ཐུབ་ཀྱི་ཡོད་པ་རེད།

    མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས་བཅས་ཀྱི་སྐོར་ལམ་ཆེན་པོའི་ཡུལ་སྐོར་གྱི་ཆེད་སྤྱོད་མེ་འཁོར་གཏོང་འགོ་ཚུགས་ནས་རྒྱ་ཆེའི་ཡུལ་སྐོར་བར་ནུབ་རྒྱུད་ཀྱི་བརྗིད་ཉམས་ལྡན་པའི་རི་ཆུའི་མཛེས་ལྗོངས་ལ་ཅི་དགར་རོལ་བའི་ཡུལ་སྐོར་བྱེད་སྟངས་གསར་རྐྱང་ཞིག་བཏོད་ཡོད། ཕྱིས་འབྱུང་མཚོ་བོད་ཚོགས་པ་ཀུང་སིས་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་ཡག་པོ་སྤྱད་དེ་མི་ཚོགས་མི་འདྲ་བ་དང་ལམ་ཐིག་མི་འདྲ་བར་འཚམ་པའི་ཡུལ་སྐོར་གྱི་ཆེད་སྤྱོད་མེ་འཁོར་དེ་བས་མང་བ་གཏོང་བར་འཆར་འགོད་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བའི་ཡུལ་སྐོར་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།