སྐྱིད་གྲོང་འགག་སྒོའི་མཐའ་མཚམས་མི་སེར་གྱི་ཉོ་ཚོང་ཉིན་བཞིན་འཁྲུག་ཆ་དོད་དུ་སོང་བ།
ཁྲོམ་ར་སླར་གསོ་བྱུང་ནས་ལོ་གཅིག་རིང་གི་ཉོ་ཚོང་དངུལ་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ཟླ་4ཚེས་19ཉིན་ནི་སྐྱིད་གྲོང་འགག་སྒོའི་མཐའ་མཚམས་མི་སེར་གྱི་ཚོང་དོན་ཉོ་ཚོང་ཁྲོམ་ར་སླར་གསོ་བྱུང་ནས་ལོ་གཅིག་འཁོར་བའི་ལོ་ཞིག་རེད། ལོ་གཅིག་རིང་སྐྱིད་གྲོང་འགག་སྒོའི་ཚོང་དོན་ཉོ་ཚོང་ཉིན་བཞིན་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད་པ་དང་། འགག་སྒོར་སྡོད་མཁན་ཐོ་བཀོད་མཐའ་མཚམས་མི་སེར་500ལྷག་ཙམ་དང་ཚོང་ཁང་31ཡོད་པས་ཚོང་ཟོག་གི་སྣ་ཁ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ནེ་པ་ལའི་ཚོང་ཟོག་སྣ་ཁ་30ལྷག་ཙམ་ཆོག་འཐུས་ནང་འདྲེན་བྱས་པར་ཚོང་དོན་དངུལ་འབོར་སྒོར་ཁྲི་6187ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། མཐའ་མཚམས་ས་ཁུལ་གྱི་མཐའ་དར་དམངས་ཕྱུག་ལ་གསོན་ཤུགས་གསར་པ་བསྣན་ཡོད།
གསར་འགོད་པ་སྐྱིད་གྲོང་མཐའ་མཚམས་ཚོང་དོན་ཁྲོམ་རའི་ཆོག་འཐུས་འདུན་ཞུའི་ཚོམས་ཆེན་དུ་སྐྱོད་སྐབས་ཉེ་འགྲམ་གྲོང་ཚོ་ནས་ཡོང་བའི་མཐའ་མཚམས་མི་སེར་ཚོས་བང་བསྒྲིགས་ནས་ནང་འདྲེན་དངོས་ཟོག་ལ་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གཉེར་བཞིན་འདུག ཚོམས་ཆེན་གྱི་ཕྱི་རོལ་དུ་དངོས་ཟོག་བྱུར་བུར་བླུགས་པའི་ནེ་པ་ལའི་ཟོག་འདྲེན་རླངས་འཁོར་རེ་རེ་བཞིན་གོ་རིམ་ལྡན་པའི་སྒོ་ནས་ཞིབ་བཤེར་ས་ཚིགས་ཁག་བརྒྱུད་བཞིན་འདུག མཐའ་མཚམས་མི་སེར་གྱི་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་སྐྱིད་གྲོང་འགག་སྒོས“ངོ་བཤེར་འདུན་ཞུ”བྱེད་སྟངས་གསར་གཏོད་བེད་སྤྱོད་བྱས་པས། མཐའ་མཚམས་མི་སེར་གྱི་འདུན་ཞུ་སྔར་བས་སྟབས་བདེ་དང་འདུན་ཞུའི་ཉམས་ལེན་སྔར་བས་ལེགས་སུ་ཕྱིན་ཡོད།
སྐྱིད་གྲོང་འགག་སྒོའི་ལྟ་སྐུལ་དོ་དམ་ཁོའོ་གཉིས་པའི་ཁོའོ་ཀྲང་ཝང་ཏུང་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྐྱིད་གྲོང་གི་རིག་ལྡན་འགག་སྒོ་འཛུགས་སྐྲུན་བྱེད་པ་དེ་མཐའ་མཚམས་མི་སེར་གྱི་ཚོང་དོན་ཉོ་ཚོང་འཕེལ་རྒྱས་ནང་མཉམ་འདྲེས་གང་ལེགས་བྱས་ཏེ། “མཁའ་ལམ་གྱི་eཤར་བགྲོད”རྣམ་གྲངས་ཁྱབ་གདལ་བཏང་བ་དང་། ལྟ་་འདོམས་བྱ་ཡུལ་དུ་རིག་ནུས་འགག་སྒོ་དང་རིག་ནུས་འགག་སྒོ་སྒོ་རྒྱག་པ་སོཊ་ཀྱི་བྱེད་ནུས་ནང་འདྲེན་བྱས་པ། “འགག་སྒོ་མྱུར་སྒྲོལ”དང“རིག་ལྡན་བྱ་གླག་མིག”གི་ལྟ་འདོམས་བྱེད་སྟངས་གསར་གཏོད་བྱས་པས་འགག་སྒོའི་ལྟ་འདོམས་རིག་ནུས་ཅན་དང་། བརྒྱུད་རིམ་མཐོང་གསལ་ཅན། འགག་སྒྲོལ་ཕན་འབྲས་ཅན་བཅས་མངོན་འགྱུར་བྱུང་ཡོད།
“གོམ་སྟབས་རྗེས་མར་ང་ཚོས‘མཐོ་ས་གསུམ’བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར་དང་། མཐའ་མཚམས་ཚོང་དོན་གཞིས་ཆགས་པ་དང་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་བར་སྐྱེད་སྲིང་དང་ལྕག་སྐུལ་བྱས་ཏེ། སྐྱིད་གྲོང་འགག་སྒོ‘བགྲོད་ལམ་དཔལ་འབྱོར’ནས‘འགག་སྒོའི་དཔལ་འབྱོར’ཕྱོགས་སུ་བསྒྱུར་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད”ཅེས་སྐྱིད་གྲོང་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་ཤེ་ཆང་གིས་བརྗོད།