དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བསམ་འཆར》ནང་བསྟན་དོན། དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་དང་དུས་རབས་གསར་པར་ཏང་གིས་མི་དམངས་མང་ཚོགས་ཀྱིས་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་། མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་བཅས་ལ་ཁྲིད་སྟོན་དང་སྐུལ་སློང་བྱེད་པའི་ལག་ལེན་གསོན་ཉམས་དོད་པོ་ཞིག་རེད། དང་བླངས་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། ད་ལྟ་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་འབྲེལ་ཡོད་བསམ་འཆར་འདོན་རྒྱུ་ཡིན།

    《བསམ་འཆར》ནང་བླང་བྱ་བཏོན་དོན། དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས། རིན་ཐང་གི་ཁྲིད་སྟོན་མཐའ་འཁྱོངས། བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས། ལག་ལེན་ལ་བརྟེན་ནས་མི་སྣ་སྐྱོང་བ་མཐའ་འཁྱོངས། དངོས་སྒྲུབ་གསར་གཏོད་མཐའ་འཁྱོངས་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ་དང་། ལེགས་སྐྱེས་དང་། མཛའ་གྲོགས། རོགས་རེས། ཡར་ཐོན་བཅས་ཀྱི་དང་བླངས་སྙིང་སྟོབས་དར་སྤེལ་གཏོང་བ། དུས་རབས་གསར་པའི་བླང་བྱ་དང་འཚམ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་གཙང་སྒྲུབ། མི་ཚང་མར་ལོངས་སྤྱོད་ཐུབ་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་ཞིག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

    《བསམ་འཆར》ནང་བསྟན་དོན། 2035ལོར་སླེབས་སྐབས་མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། མཐུན་སྦྱོར་ནུས་ཆེ་བཅས་ཀྱི་དང་བླངས་ཞབས་ཞུའི་ལམ་ལུགས་དང་ལས་ཀའི་མ་ལག་ཅིག་གཞི་རྩའི་ཆ་ནས་ཆགས་པར་བྱས་ཏེ། དང་བླངས་དཔུང་ཁག་གི་བྱང་ཚད་མཐོ་བ་དང་། དོ་དམ་ཚད་དང་ལྡན་པ། ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་ཕྱིན་པ། ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་པ་བཅས་དང་། འཐབ་སའི་དྲ་རྒྱ་ཁྱབ་ཚད་ཆེ་ཞིང་བཀོད་སྒྲིག་ལུགས་དང་མཐུན་པ་དང་ལམ་ལུགས་འགན་སྲུང་དེ་བས་ནུས་ལྡན་ཡོད་པ། དང་བླངས་ཞབས་ཞུའི་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་འཕེལ་རྒྱས་ཟབ་མོ་བྱུང་བ། དང་བླངས་ཞབས་ཞུར་སྤྱི་ཚོགས་ཞུགས་ཚད་དང་ཧུར་སེམས་ཧ་ཅང་ཆེ་རུ་ཕྱིན་པ་བཅས་བྱུང་ནས་སྤྱི་ཚོགས་ཡོངས་ཀྱི་འགན་འཁྲིའི་འདུ་ཤེས་དང་ལེགས་སྐྱེས་འབུལ་བའི་འདུ་ཤེས་ཡོངས་ཁྱབ་ངང་ཟབ་ཏུ་ཕྱིན་ཏེ་དང་བླངས་ཞབས་ཞུ་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་གྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།

    《བསམ་འཆར》ནང་བསྟན་དོན། དང་བླངས་ཞབས་ཞུར་ཕྱོགས་ཡོངས་ནས་ཞུགས་པའི་སྐུལ་སློང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། སྒྲིག་འཛུགས་དང་སྐུལ་སློང་གི་དགེ་མཚན་འདོན་དགོས་པ་དང་། སྤྱི་ཚོགས་ཀྱི་སྐུལ་སློང་ཐབས་ལམ་ཡངས་སུ་གཏོང་དགོས་པ། འཕྲལ་སྡོམ་སྐུལ་སློང་བྱེད་ནུས་ཆེ་རུ་གཏོང་དགོས་པ།

    གནད་ལ་འཁེལ་ཞིང་ཕན་འབྲས་ཆེ་བའི་དང་བླངས་ཞབས་ཞུ་སྒྲུབ་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མཁོ་སྤྲོད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་པ་དང་། མཁོ་སྤྲོད་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་པ། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ།

    གསོན་ཤུགས་ཀྱིས་ཁེངས་པའི་དང་བླངས་ཞབས་ཞུའི་དཔུང་ཁག་གི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་དགོས་པ།

    ཁྱབ་རྒྱ་ཆེ་བའི་དང་བླངས་ཞབས་ཞུའི་འཐབ་སའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ས་ཚིགས་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས་པ། གྲངས་འཛིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ།

    ཁྱད་ཆོས་མངོན་གསལ་དོད་པའི་དང་བླངས་རིག་གནས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དང་བླངས་རིག་གནས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་པ་དང་། དང་བླངས་རིག་གནས་ཀྱི་རྣམ་པ་གཏོད་དགོས་པ། དང་བླངས་རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་པ།

    སྲ་ཞིང་བརྟན་ལ་ནུས་ལྡན་གྱི་དང་བླངས་ཞབས་ཞུའི་རྒྱབ་སྐྱོར་དང་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། འཕེལ་རྒྱས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཁེ་དབང་འགན་སྲུང་ལ་མཐོང་ཆེན་བྱེད་དགོས་པ། སྐུལ་ལྕག་དང་གཟེངས་བསྟོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཁྲིམས་སྐྱོང་གི་འདེགས་སྐྱོར་བྱེད་དགོས་པ།

    དང་བླངས་ཞབས་ཞུའི་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཤིང་། སྐུལ་སྤེལ་ཧུར་ཐག་དང་བརྟན་པོ་གཏོང་དགོས་པ་དང་། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་པ།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྤྱི་འདོམས་མཐུན་སྦྱོར་སྒོ་ནས་སྐུལ་འདེད་གཏོང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།