དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་དངོས་ཡོད་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་རྒྱུན་མཐུད་མངོན་བཞིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། 2022ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདུ་ཤེས་གལ་ཆེན་དང་བྱ་སྤྱོད་ཀྱི་ཇུས་གཞི་ཞིག་ཡིན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་བཏོན་གནང་ཡོད། ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ལོ་གཉིས་རིང་ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ཏེ། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས་དགེ་མཚན་ལྡན་པའི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད་ཅེས་བརྗོད་པ་རེད།

    ལིན་ཅན་གྱིས་གྲོས་འགོའི་ནང་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་ཚང་མའི་བདེ་འཇགས་དོན་གཉེར་གྱི་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས་ཡོད། གྲོས་འགོའི་ནང་སྐད་ཆ་ཤོད་རེས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་པ་སྒྲིག་པ་ལས་མནའ་འབྲེལ་མི་བྱེད་པ། གཉིས་ཕན་ཡོང་བ་བྱེད་པ་ལས་རྒྱལ་ཕམ་མི་བྱེད་པ་བཅས་ཀྱི་བདེ་འཇགས་ལམ་བུ་གསར་པར་བསྐྱོད་རྒྱུ་དར་སྤེལ་བཏང་བར་ད་བར་རྒྱལ་ཁབ་དང་རྒྱལ་སྤྱིའི་ས་ཁུལ་གྱི་རྩ་འཛུགས་100ལྷག་ཙམ་གྱིས་རྒྱབ་སྐྱོར་དང་བསྔགས་བརྗོད་བྱས་ནས། ཀྲུང་གོ་དང་རྒྱལ་ཁབ་གཞན་དག་དང་རྒྱལ་སྤྱིའི་རྩ་འཛུགས་དབར་འགྲོ་འོང་མཉམ་ལས་བྱེད་པའི་ཕྱོགས་གཉིས་དང་ཕྱོགས་མང་གི་ཡིག་ཆ་མང་པོ་ཞིག་བཀོད་ཡོད། གྲོས་འགོའི་སྒྲོམ་གཞིའི་འོག་འབྲེལ་ཡོད་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་ཅེས་བརྗོད།

    ལིན་ཅན་གྱིས“གྲོས་འགོས་འགལ་བ་དང་མི་མཐུན་པ་སེལ་བ་དང་ཉེན་ཁ་དང་ཉམས་ཉེན་དོ་དམ་ཚོད་འཛིན་བྱ་ཆེད་ལག་ལེན་བསྟར་འཐུས་ཀྱི་ཐབས་མཆོག་མཁོ་འདོན་བྱས་ཡོད། ཡུག་རེན་གྱི་ཉམས་ཉེན་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་སོགས་ལ་དམིགས་ཏེ་ཀྲུང་གོས་ཆེད་མངགས་ལངས་ཕྱོགས་སྐོར་གྱི་ཡིག་ཆ་ཁྱབ་བསྒྲགས་བྱས་ནས། རྒྱུན་སྲིང་ལྷོད་མེད་ངང་ཞི་བའི་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་ཐོག་ནས་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་རན་དབར་གྱི་ཞི་བའི་མཐུན་འགྲིག་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་བཏང་ནས་འཛམ་གླིང་དབུས་ཤར་ས་ཁུལ་དུ“ཞི་བའི་མཐུན་འགྲིག་གི་ཚ་རླབས་འཕྱུར”བར་སྐུལ་ཁྲིད་བྱས་ཏེ། འབྲེལ་ཡོད་ས་ཁུལ་དང་རྒྱལ་ཁབ་ཀྱི་འགལ་བ་དང་མི་མཐུན་པའི་ཆ་སེལ་བ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མངོན་འགྱུར་ཡོང་བར་དཔེ་མཚོན་བཏོད་ཡོད་ཅེས་བརྗོད།

    ལིན་ཅན་གྱིས“གྲོས་འགོས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད”ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་ཐ་སྙད་ཡིག་ཆ》ཁྱབ་བསྒྲགས་བྱས་པ་དང་འབྲེལ་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་དང་། འཇིགས་སྐུལ་ལ་ངོ་རྒོལ། གནམ་གཤིས་འགྱུར་ལྡོག གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་སོགས་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་རེད། དྲ་རྒྱའི་བདེ་འཇགས་དང་མིས་བཟོས་རིག་ནུས་བཅོས་སྐྱོང་སོགས་གསར་དར་བདེ་འཇགས་ཁྱབ་ཁོངས་ཀྱི་དཀའ་གནད་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་གྲངས་གཞིའི་བདེ་འཇགས་གྲོས་འགོ》དང《གོ་ལ་ཧྲིལ་པོའི་མིས་བཟོས་རིག་ནུས་བཅོས་སྐྱོང་གྲོས་འགོ》སོགས་བཏོན་ནས་གསར་དར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བདེ་འཇགས་བཅོས་སྐྱོང་གི་འཕེལ་རིམ་ལ་སྣེ་ཁྲིད་བྱས་ཡོད་ཅེས་བརྗོད།

    ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་མཁོ་འདོན་བྱས་པའི་སྤྱི་པའི་ཐོན་རྫས་གལ་ཆེན་ཞིག་ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་དངོས་ཡོད་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་མུ་མཐུད་མངོན་ཡོད། “ཀྲུང་གོ་ཕྱོགས་ཀྱིས་ཞི་བདེར་དགའ་ཞེན་དང་འཕེལ་རྒྱས་ལ་གཞོལ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་ཚང་མ་གྲོས་འགོ་དང་མཉམ་ལས་ནང་ཧུར་ཐག་ཞུགས་ནས། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཐུན་མོང་ཐོག་སྐྲུན་པར་དགའ་བསུ་ཞུ་གི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།