དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-23

    ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་18ཉིན་གྱི་ཕྱི་དྲོར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཏི་པའེ་རུ་འཚོགས་པ་དང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ལས་རིགས་ཁག་གི་འཐུས་མི་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དཔལ་འབྱོར་པུའི་པུའུ་ཀྲང་གཞོན་པ་ཨ་པུའུ་ཏུའུ་ལ·ས་ལི་ཧོ་ཡིས་བརྗོད་དོན། ནང་འདྲེན་དངོས་མང་སྟོན་ཚོགས་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་དང་། དེས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་སྤེལ་རེས་ལ་ལས་སྟེགས་རྒྱ་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཁེ་ལས་དེ་བས་མང་བ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་པར་སྐུལ་མ་བཏང་ནས་གཉིས་ཕན་ཡོང་བ་བྱེད་ཀྱི་ཡོད།

    ཏི་པའེ་ཚོང་ཚོགས་ཨེ་ཤེ་ཡའི་ས་ཁོངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་མཱ་དབན·མ་རུའེ་ཡིས་བརྗོད་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་སྲ་ཞིང་བརྟན་པ། ཚོང་དོན་དང་མ་འཇོག་གི་རྨང་གཞི་ཟབ་མོ་བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།