དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས་ཤེས་ལྡན་པ་གདན་འདྲེན་ཞུ་བའི་ལག་བསྟར་བྱ་ཐབས་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    གསར་འགོད་པར་མངའ་རིས་ས་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཤེས་ལྡན་པ་གདན་འདྲེན་ཞུ་བའི་བྱ་ཐབས་དང་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ་དང་། ཤེས་ལྡན་པའི་ཁོར་ཡུག་ལེགས་སུ་གཏོང་བ། ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་གཅིག་སྡུད་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངའ་རིས་ཀྱི་ལེའུ་ཧུར་ཐག་རྩོམ་པར་ཤེས་ལྡན་པའི་འགན་ལེན་དང་བློ་རིག་གི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི་ཤེས་ལྡན་པ་གདན་འདྲེན་ཞུ་བའི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)བཟོས་ནས་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན།《ལག་བསྟར་བྱ་ཐབས》དེས《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་མཐོ་བ་དང་དགོས་མཁོ་ཧ་ཅང་ཆེ་ཞིང་དཀོན་པའི་ཤེས་ལྡན་པ་གདན་ཞུ་བྱེད་པའི་བྱ་ཐབས》དང《དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་བྱ་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》སོགས་ཡིག་ཆ་བསྡུ་སྒྲིལ་གང་ལེགས་བྱས་ནས་ཤེས་ལྡན་པའི་སྲིད་ཇུས་ལ་བརྒྱུད་རིམ་ཅན་གྱི་རིམ་སྤོར་ཐེངས་གཅིག་བྱས་པ་རེད།

    《ལག་བསྟར་བྱ་ཐབས》ནང་མངའ་རིས་ས་ཁུལ་གྱི་དགོས་མཁོ་དངོས་ལ་གཞི་ཚུགས་ནས་གདན་དྲངས་ཞུ་ཡུལ་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་པ་རྩེ་གྲ་དང་། རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཤེས་ལྡན་པ། ས་གནས་རིམ་པའི་སྣེ་ཁྲིད་ཤེས་ལྡན་པ་སོགས་ཤེས་ལྡན་པ་རིགས་དྲུག་ལ་དབྱེ་བ་དང་། ས་གནས་ཀྱི་སྤྱོད་གོ་ཆོད་པའི་རྐང་འཛིན་ཤེས་ལྡན་པ་མང་དུ་བཏང་སྟེ་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་དང་རྒྱབ་སྐྱོར་བྱེད་པ་སྔར་བས་མངོན་གསལ་དོད་དུ་བཏང་ནས། རྨང་གཞིའི་ཤེས་ལྡན་པ་ནས་རྩེར་སོན་ཤེས་ལྡན་པའི་བར་གྱི་རིམ་པ་ཁག་ཏུ་ཁྱབ་ཐུབ་པར་བྱས་ཡོད། ཤེས་ལྡན་པའི་བཟའ་ཟླ་བཀོད་སྒྲིག་དང་། བུ་ཕྲུག་སློབ་ཞུགས། གཞིས་ཆགས་པ། མ་དངུལ་གཏོང་སྤྲོད། སྤྱི་ཚོགས་འགན་སྲུང་། སྡོད་ཁང་ཐག་གཅོད། སྨན་བཅོས་ལྗང་མདོག་བགྲོད་ལམ། སྨན་བཅོས་འགན་བཅོལ་སོགས་ཀྱི་སྲིད་ཇུས་ཆ་ཚང་བཟོས་ཏེ་ཆབ་སྲིད་ཐད་སྐུལ་ལྕག་དང་། ལས་ཀར་རྒྱབ་སྐྱོར། ཐོབ་ཐང་འགན་སྲུང་། འཚོ་བ་དང་སེམས་ཁམས་ལ་དོ་ཁུར་བཅས་བྱས་ནས་ཤེས་ལྡན་པར་གཅེས་སྐྱོང་དང་། བརྩི་འཇོག སྲུང་སྐྱོང་སོགས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་བཏོད་དེ་གཏོགས་སེམས་ཟབ་ཏུ་དང་སྐྱིད་སྣང་ཆེ་རུ་བཏང་ཡོད།

    《ལག་བསྟར་བྱ་ཐབས》ནང་ད་དུང་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན། འགན་ནུས་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་ཤེས་ལྡན་པ་གདན་དྲངས་པའི་བཀོད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ཤེས་ལྡན་པ་གདན་དྲངས་པའི་ལས་དོན་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ནས་ཤེས་ལྡན་པའི་ལས་དོན་གྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་བཏོན་ཡོད།

    མངའ་རིས་ས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཧོང་ཝུན་ཁོའོ་ཡིས“ང་ཚོས་ལྷག་བསམ་རྣམ་དག་གིས་ཤེས་ལྡན་པར་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་བསྒྲུབས་ནས་ཐོབ་ཐང་འགན་ལེན་ཡག་པོ་བྱས་ཏེ། རང་སྐྱོང་ལྗོངས་རིམ་པའི་མི་སྒེར་གྱི་ཁ་གསབ་རོགས་དངུལ་གྱི་རྨང་གཞིའི་ཐོག་རིགས་ཁག་གི་ཤེས་ལྡན་པར་ས་ཁུལ་རིམ་པའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་མཐོ་ཤོས་ལ་སྒོར་ཁྲི་400ཟིན་གྱི་ཡོད་པས་མ་དངུལ་མང་པོ་དེ་འདྲ་སྔར་གཏོང་མྱོང་མེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།