དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོ་མོ་སློབ་འབྲིང་གི་ཚན་རྩལ་གསར་གཏོད་རྣམ་གྲངས་གསུམ་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཆེན་པོའི་ནང་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉེ་ཆར། “ས་བོན་ཚན་སློབ་བོད་སྐྱོར”རྣམ་གྲངས་ནས་གཏམ་བཟང་ཁྱབ་པར། རྣམ་གྲངས་དེས་དུས་ཡུན་རིང་པོར་ཞབས་འདེགས་ཞུ་ཡུལ་གཞིས་རྩེ་གྲོ་མོ་སློབ་འབྲིང་གིས་བདམས་སྐྱེལ་བྱས་པའི《འབྲོག་པས་རི་སྐྱེས་སྲོག་ཆགས(གསའ)ལ་བཟོད་སྒོམ་བྱེད་ཚད་དང་སྲུང་སྐྱོང་ཞིབ་འཇུག》དང་། 《བོད་ལྗོངས་ཕག་རིའི་ལན་ཡུས་ཙན་སྨུག་རྩི་མེ་ཏོག་དང་སྡོང་པོ་གསོན་ཚད་བསྡུར་བ་དང་ཐོན་ཁུངས་རྒྱུན་མཐུད་ངང་སྤྱོད་པའི་ཞིབ་འཇུག》 《ས་བབ་མཐོ་བའི་ས་ཁུལ་གྱི་སྤུ་རུའེ་མེ་ཏོག་གི་སོན་གྱི་ཐོན་ཚད་དང་སྐྱེ་འཕེལ་ཐབས་ཇུས་ཞིབ་འཇུག》བཅས་ཀྱི་རྣམ་གྲངས་ལ་མཐའ་མའི་འདྲི་ཞིབ་དང་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོ་སྐབས་38པའི་ནང་ཚུད་ཡོད་པ་རེད། 

    གྲོ་མོ་སློབ་འབྲིང་གི་སློབ་སྤྱི་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ལས་བྱེད་པ་ཀྲུའུ་ཅུན་གྱིས“གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་ཚུད་པ་དེ་ཐོག་ནས་བོད་ཀྱི་ཕྲུ་གུ་ཚོའི་མི་མངོན་པའི་སྟོབས་ཤུགས་དང་བློ་གྲོས་མཚོན་གྱི་ཡོད། ཧྲང་ཧའེ་ཡི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བའི་ཆེད་ལས་ཀྱི་སྣེ་ཁྲིད་འོག་ཕྲུ་གུ་ཚོས་ཚན་རིག་ཞིབ་འཇུག་གི་སྤྲོ་སྣང་འཕེལ་བ་དང་ཚན་རྩལ་གསར་གཏོད་ཀྱི་འདུ་ཤེས་དང་ཚན་རིག་གི་བྱ་ཐབས་རགས་ཙམ་སྐྱེད་སྲིང་ཐུབ་ཡོད་ལ། ཕྲུ་གུ་ཚོས་ཚན་རིག་འཚོལ་ཞིབ་ཀྱི་ལམ་བུར་དེ་བས་ངོ་མཚར་གཏོད་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ས་བོན་ཚན་སློབ་བོད་སྐྱོར”རྣམ་གྲངས་ནི་ཧྲང་ཧའེ་ཡི་བོད་སྐྱོར་རྣམ་གྲངས་གཙོ་གནད་གྲས་ཤིག་ཡིན་པའི་ཚོགས་པས་ས་ཁོངས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་གསོ་སྐྱོང་བྱས་པ་དང“ཚན་རིག་གནད་དོན་གྱི་འགྲན་བསྡུར་ཆེ་མོ”བརྒྱུད་ཀྲུང་གཡང་ས་བོན་ཚོད་ལྟ་ཁང་གི་ཞིབ་འཇུག་པ་ཆུང་ཆུང་གདམ་གསེས་བྱས་པ་རེད། ཞིབ་འཇུག་པ་ཆུང་ཆུང་ཚོས་གཟའ་འཁོར་རེར“ཚན་རིག་བྱང་ཚད་སློབ་ཚན”བརྒྱུད་ཚན་རིག་དང་མཐུན་པའི་བྱ་ཐབས་དང་ཚན་རིག་གི་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། “ཧྲང་ཧའེ་དང་བོད་ལྗོངས་ཀྱི་ཚན་རིག་དབྱར་སྒར”ལ་བརྟེན་ནས་ཚན་རིག་གསར་གཏོད་སློབ་དཔོན་དང་ཞིབ་འཇུག་གི་བརྗོད་དོན་གཙོ་བོ་གཏན་འཁེལ་བྱས་ནས“ཚན་རིག་གསར་གཏོད་འགྲན་བསྡུར་ཆེ་མོ”བརྒྱུད་ཚན་རིག་གི་གནད་དོན་དང་ཚོད་དཔག་ཞུན་བརྡར་བྱེད་པ་དང་འབྲེལ་དེ་མཚུངས་ཀྱི་ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་ཡང་བཙུགས་པ་རེད། ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་ཁག་གིས་རང་སོ་སོའི་ཚན་རྩལ་གསར་གཏོད་སློབ་དཔོན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག་ཚོད་ལྟ(དཔེ་ལེན་དང་། དབྱེ་ཞིབ། སྤྱི་ཚོགས་བརྟག་དཔྱད་བཅས་ཚུད་པ)ཡང་ཡང་བྱས་ནས་རྒྱུན་ཆད་མེད་པར་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་མཐར་འབྲེལ་ཡོད་ཞིབ་འཇུག་དཔྱད་རྩོམ་གྲུབ་ཡོད། ད་ཐེངས་ཚུད་པའི་རྣམ་གྲངས་གསུམ་ནི་དེ་ལྟ་བུའི་ཚན་ཞིབ་གཟབ་ནན་ཁྲོད་འབུར་དུ་ཐོན་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།