དབུ་ཤོག
  • དེ་རིང་ནས་འདིར་ཁ་ལོ་བའི་ཡིག་རྒྱུགས་དེ་སྔ་ལྟར་གཏོང་ཆོག་གི་འདུག

  •     སྤེལ་དུས།  2024-04-22

    སྣེའུ་གྲོང་ཁྱེར་མ་འཇོག་གི་ཁ་ལོ་བའི་ཡིག་རྒྱུགས་གསུམ་པའི་རྒྱུགས་རར་དེ་སྔ་ལྟར་ཡིག་རྒྱུགས་གཏོང་ཆོག་པའི་སྐོར་གྱི་སྤྱི་བསྒྲགས།

    ཁ་ལོ་བའི་ཡིག་རྒྱུགས་གཏོང་མཁན་ཚོ།

    ད་ཆ་སྣེའུ་གྲོང་ཁྱེར་མ་འཇོག་གི་ཁ་ལོ་བའི་ཡིག་རྒྱུགས་གསུམ་པ་གཏོང་སའི་ལམ་དུམ་བཟོས་ཟིན་པ་དང་རླངས་འཁོར་དོ་དམ་སུའོ་ཡིས་ཕྱོགས་བསྡུས་ཚོད་སྐོར་བྱས་རྗེས། སྣེའུ་གྲོང་ཁྱེར་མ་འཇོག་གི་ཁ་ལོ་བའི་ཡིག་རྒྱུགས་གསུམ་པ་གཏོང་སའི་ལམ་དུམ་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ཡིག་རྒྱུགས་གསུམ་པ་གཏོང་ཆོག་པའི་འབྲེལ་ཡོད་ཆ་རྐྱེན་འཛོམས་ཡོད། རྒྱ་ཆེའི་ཁ་ལོ་བའི་ཡིག་རྒྱུགས་གཏོང་མཁན་གྱི་དགོས་མཁོ་ཧུར་ཐག་སྐོང་ཆེད། ཟླ་4ཚེས་22ཉིན་ནས་བཟུང་། སྣེའུ་གྲོང་ཁྱེར་མ་འཇོག་གི་ཁ་ལོ་བའི་ཡིག་རྒྱུགས་གསུམ་པའི་རྒྱུགས་རར་དེ་སྔ་ལྟར་ཡིག་རྒྱུགས་གཏོང་ཆོག་པ་བཟོས་ཡོད་པས། ཡིག་རྒྱུགས་གཏོང་མཁན་ཚོས་རང་ཉིད་ཀྱི་དགོས་མཁོར་གཞིགས་ནས་རྒྱུགས་ར་བདམས་ཏེ་ཡིག་རྒྱུགས་གཏོང་ཆོག

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག

    2024ལོའི་ཟླ་4ཚེས་19ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།