དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ་ཐང་རྒོད་ཅན་དང་བྱེ་ས་ཅན་དུ་འགྱུར་བའི་རྣམ་པར་ཚོད་འཛིན་ཡག་པོ་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-22

    ● ལོ་ཧྲིལ་པོར་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང་ཁྲི་30.3སྔོ་འགྱུར་བྱས་པ་བརྒྱུད། ཐང་རྒོད་ཅན་དང་བྱེ་ས་ཅན་གྱི་སའི་རྒྱ་ཁྱོན་ཆུང་དུ་ཕྱིན་པ་དང་ཞིང་ཆེན་ཡོངས་སུ་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་58.12%ཟིན་ཡོད།

    ● མཚོ་སྔོན་ཞིང་ཆེན་གྱིས་ད་དུང“ནགས་རྩྭ་དཔོན་དང་། ཉེན་རྟོག་དཔོན། ཞིབ་དཔྱོད་དཔོན། ཁྲིམས་ཁང་གི་ཡོན་ཀྲང”དང“ནགས་རྩྭ་དཔོན་དང་། མཚོ་དཔོན”བཅས་ཟུང་འབྲེལ་གྱི་མཉམ་འགུལ་ལམ་སྲོལ་དང་ལས་རོགས་ལམ་ལུགས་བཙུགས་པ་དང་། “2023ལོའི་བསིལ་རླུང”དང“དྲ་ཕུབ”བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་བ།

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་པོ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་སྣེ་ཁྲིད་བཅས་བྱས་ཏེ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་ལ་གཞི་གཅིག་ཅན་གྱི་སྒོ་ནས་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། ལོ་ཧྲིལ་པོར་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང་ཁྲི་30.3སྔོ་འགྱུར་བྱས་པ་བརྒྱུད། ཐང་རྒོད་ཅན་དང་བྱེ་ས་ཅན་གྱི་སའི་རྒྱ་ཁྱོན་ཆུང་དུ་ཕྱིན་པ་དང་ཞིང་ཆེན་ཡོངས་སུ་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་58.12%ཟིན་ཡོད། དེ་ནི་གསར་འགོད་པར་ཟླ་4ཚེས་15ཉིན་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་བྱང་གསུམ་ལས་གྲྭའི་འགག་སྒྲོལ་དམག་འཐབ་ཀྱི་སྐུལ་སློང་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ལག་བསྟར་བྱེད་པར་ཆོག་མཆན་སྤྲད་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་བ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གཞི་རྩའི་ཆ་ནས་ཆགས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དེ་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་སྔོན་དུ་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་རྒྱུ་དང“བྱང་གསུམ”ལས་གྲྭར་སྐུལ་འདེད་གཏོང་རྒྱུའི“བསམ་འཆར་གཅིག་དང་ཇུས་གཞི་གཉིས”བཏོན་པ་དང་། ལོ་ཧྲིལ་པོར་བྱེ་འགོག་བྱེ་བཅོས་ལས་འགན་སྤྱི་ཆིང་ཁྲི་9.7བསྒྲུབས་པ་དེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་གྱི་118%ཟིན་ཡོད། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། “སྟོན་དཔྱིད་ནམ་དུས་གཉིས་ཀྱི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས”དང་། “དམངས་གཉེར་ཁེ་ལས་མཁས་ཅན་གྱི་ནགས་ཚལ”“སྲིད་གྲོས་ཨུ་ཡོན་གྱི་ནགས་ཚལ”སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་རིམ་རྩིས་བྱས་ན་ལོ་ཧྲིལ་པོར་སྡོང་ཕྲུག་ཁྲི་1800ལྷག་ཙམ་བཙུགས་པ་དང་། མི་ཐེངས་ཁྲི་300ཞུགས་པ། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་4དང་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ་6འཛུགས་གཏོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལྗང་མདོག་གྲོང་ཁྱེར་དང་གྲོང་རྡལ་དང་། ལྗང་མདོག་གྲོང་གསེབ། ལྗང་མདོག་ཁེ་ལས། ལྗང་མདོག་སྒོ་ར། ལྗང་མདོག་སློབ་གྲྭ། ལྗང་མདོག་ལས་ཁུངས། ལྗང་མདོག་དམར་སྒར་བཅས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་ལས་སྔོ་འགྱུར་ཆེན་པོའི་རྣམ་པ་ཡག་པོ་ཞིག་ཆགས་ཡོད།

    མཚོ་སྔོན་ཞིང་ཆེན་གྱིས་ད་དུང“ནགས་རྩྭ་དཔོན་དང་། ཉེན་རྟོག་དཔོན། ཞིབ་དཔྱོད་དཔོན། ཁྲིམས་ཁང་གི་ཡོན་ཀྲང”དང“ནགས་རྩྭ་དཔོན་དང་། མཚོ་དཔོན”བཅས་ཟུང་འབྲེལ་གྱི་མཉམ་འགུལ་ལམ་སྲོལ་དང་ལས་རོགས་ལམ་ལུགས་བཙུགས་པ་དང་། “2023ལོའི་བསིལ་རླུང”དང“དྲ་ཕུབ”བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་བ། ཞིང་ཆེན་ཡོངས་ཀྱི་རང་ཡུལ་གྱི་ཤིང་རིགས་418ཀྱི་མིང་གཞུང་ཁག་དང་པོ་ཁྱབ་བསྒྲགས་བྱས་པ། ཤིང་བཟང་རིགས་8ཁྱབ་གདལ་བཏང་བ། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཚན་རིག་ལག་རྩལ་གྲུབ་འབྲས་22ཐོབ་པ། དཔེ་སྟོན་རྟེན་གཞི་11བཙུགས་པ། ཞིང་ཆེན་ཡོངས་ལ་ལོ་37བསྟུད་མར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཆེན་པོ་དང་མེ་སྐྱོན་ཚབས་ཆེན་བྱུང་མྱོང་མེད་པ་རེད།

    《མཚོ་སྔོན་ཞིང་ཆེན་གྱི་གླ་ཚེར་ཐོན་ཁུངས་སྲུང་སྐྱོང་དང་ནུས་ཆེ་བེད་སྤྱོད་ཀྱི་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་ཇུས་གཞི(2023ལོ་ནས་2025ལོ་བར)》བཀྲམ་ནས་ལག་ལེན་བསྟར་བ་དང་། ནགས་རྩྭའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ། ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་འདེབས་ཁྱོན་སྤྱི་ཆིང་ཁྲི་5.7ཟིན་པ། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་འདྲེ་ཚེར་མའི་རྟེན་གཞི་གཏན་འཁེལ་བྱས་པ། ཁེ་ལས་23གསར་དུ་གཏན་འཁེལ་བྱས་པ། གཏན་འཁེལ་བྱས་པའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་0.55ཟིན་ནས་སྐྱེ་ཁམས་དམངས་ཕྱུག་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད། སྐྱེ་ཁམས་སྲུང་སྐྱོང་ཁྲིམས་འཛིན་མཉམ་ལས་ཉམས་གསོའི་རྟེན་གཞི་ཐོག་མ་བཙུགས་པ་དང་། “གྱོད་གཞི་ཞིབ་གཅོད་དང་། ཁྲིམས་འཛིན་དྲིལ་བསྒྲགས། སྐྱེ་ཁམས་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང”བཅས་ཟུང་དུ་འབྲེལ་བའི་ཁྲིམས་འཛིན་སྲུང་སྐྱོང་མ་ལག་ཕྱོགས་ཡོངས་ནས་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འདེགས་སྐྱོར་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།