དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གྲོགས་པོ་ཕྱི་རྒྱལ་བས་པར་བླངས་པའི་ཀྲུང་གོའི“ཡུལ་སྐོར་བྱ་ཡུལ་གྲོང་གསེབ་ཡག་ཤོས”

    གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་མཛེས་ སྡུག་ལྡན་པའི་རྣམ་པ་ཞིག་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-22

    2021ལོར་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས“ཡུལ་སྐོར་བྱ་ཡུལ་གྲོང་གསེབ་ཡག་ཤོས”དཔྱད་འདེམས་བྱེད་འགོ་བཙུགས་ཚུན། “ཡུལ་སྐོར་བྱ་ཡུལ་གྲོང་གསེབ་ཡག་ཤོས”ནང་ཁྱོན་ཀྲུང་གོའི་གྲོང་གསེབ་ཡག་ཤོས་8ཚུད་དེ་འཛམ་གླིང་མིང་གྲལ་གྱི་ཨང་དང་པོར་སླེབས་ཤིང་། གྲོང་གསེབ་དེ་དག་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་མཛེས་སྡུག་རྣམ་པ་ཞིག་མངོན་ནས་གྲོགས་པོ་ཕྱི་རྒྱལ་བ་སྔར་ལས་མང་བ་ཀྲུང་གོར་ཡོང་བའི་ཡིད་དབང་བཀུག་ཡོད།

    ཀྲེ་ཅང་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཡུས་ཚུན་གྲོང་ཚོ།

    དེ་གའི་མཁའ་རླུང་གཙང་ཞིང་སོས་ལ། ཆུ་འགོ་དྭངས་བ་དང་ས་རྒྱུ་གཤིན་པ་མ་ཟད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཁམ་བུ་དཀར་པོ་དང་ཚེ་རིང་ཉ་ཁྱེའུ་ནི་དེ་གའི་རང་བྱུང་ཐོན་ཁུངས་ལེགས་པའི་དཔང་རྟགས་ཡག་ཤོས་ཡིན། གཏེར་རི་སྒོ་བརྒྱབ་པ་དང་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་བྱས་པ་ལས་ཡུས་ཚུན་གྲོང་ཚོ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    —— མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ནས།

    འདི་ནི་ཡུས་ཚུན་གྲོང་ཚོའི་ཡུལ་སྐོར་བའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་མདུན་གྱི་མཛེས་སྡུག་ལྡན་པའི་ནགས་གསེབ་ལམ་བུ་ཡིན་པ།

    ཨན་ཅི་ལེང་ཧྲན་ཐོན་ལས་འཁོར་སྐྱོད་ཚོང་གཉེར་ཞབས་ཞུ་ཚད་ཡོད་ཀུང་སིའི་རྒྱལ་ཁོངས་སི་རི་ཡ་ནས་ཡིན་པའི་ལས་མི་མཱ་ཅི་ཏེ·ཨ་པ་སིས་པར་བླངས།

    ཁྲུང་ཆིང་ཝུའུ་ལུང་ཁུལ་གྱི་ཅིང་ཀྲུའུ་གྲོང་ཚོ།

    དེ་གར་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཐུབ་སྟེ“ཞིང་སྡེ་དང་། རོལ་རྩེད་ཁང་། གཞིས་ཀ་བཅས་ཟུང་དུ་འབྲེལ་བ”བརྗོད་དོན་གཙོ་བོར་བྱས་ཏེ་ཞིང་ལས་ཀྱིས་རྨང་གཞི་བྱེད་པའི་མི་རིགས་ཀྱི་ཁྱད་ཆོས་མང་པོ་ལྡན་པའི་སྒྱུ་རྩལ་དང་ཞིང་སྡེ་གཅིག་ཏུ་འདུས་པའི་གདོད་མའི་གྲོང་རྡལ་ཆུང་ངུ་ཞིག་བཏོད་པ་དང་། དེར་གྲོང་གསེབ་ཀྱི་ཞབས་བྲོའི་འདུ་ཚོགས་དང་། རོལ་དབྱངས་འདུ་ཚོགས། ཁྲུང་ཆིང་གི་ཁྱད་ལྡན་རིག་གནས་བྱེད་སྒོ་སོགས་དུས་བཀག་ལྟར་གཉེར་གྱི་ཡོད།

    —— མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ནས།

    འདི་ནི་ཡུལ་སྐོར་བས་ཅིང་ཀྲུའུ་གྲོང་ཚོའི་གདོད་མའི་གྲོང་རྡལ་ཆུང་ངུའི་དེབ་ཁང་དུ་དཔེ་དེབ་ལྟ་བའི་གནས་ཚུལ་ཡིན་པ།

    ནུབ་རྒྱུད་རྒྱལ་སྤྱི་བརྒྱུད་སྤེལ་ལྟེ་གནས་ཀྱི་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་གསར་འགོད་པ་ཀྲན་མུའུ་སི·ཡ་ལི་ཧྲན་ཏས་པར་བླངས།

    ཅང་ཤིས་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཧོང་ལིང་གྲོང་ཚོ།

    དེ་གའི་ཡུལ་ལྗོངས་རི་མོ་ལྟར་མཛེས་ལ། ཤུལ་བཞག་སྲུང་སྐྱོང་དང་། ཐུན་མོང་དར་རྒྱས། ས་ཁོངས་སྒྲོལ་བའི་རིག་གནས་སྤེལ་རེས་ཀྱི་དཔེ་མཚོན་ཞིག་ཡིན་པས་ཧོང་ལིང་གྲོང་ཚོ་ནི་ས་གནས་དེ་གའི་རིག་གནས་གཅེས་ནོར་སྲུང་སྐྱོང་ལ་གཞོལ་ནས་གྲོང་གསེབ་ཡུལ་སྐོར་གསར་གཏོད་ཀྱི་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་ཏུ་གྱུར་ཡོད།

    —— མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ནས།

    འདི་ནི་ཧོང་ལིང་གྲོང་ཚོའི་ཡུལ་མིའི་ཁྱིམ་ཚང་ཕན་ཚུན་གྲལ་འགྲིག་པོར་གནས་པ་མ་ཟད། ཐོག་སྟེང་དུ་སུར་པན་དམར་པོ་སོགས་ཉི་སྐམ་བཏང་ནས་བཞག་པའི་གནས་ཚུལ་ཡིན་པ།

    རྒྱལ་ཁོངས་ཨ་རི་ནས་ཡིན་པའི་རང་སྨྱན་སྦྱོར་གསར་གཏོད་པ། ཧྲི་ཏི་ཝུན·ཝེ་ཏེ་སི་ཡིས་པར་བླངས།

    ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་ལུང་ཧྲེང་མི་རིགས་ཁག་གི་རང་སྐྱོང་རྫོང་ཏ་ཀྲའེ་གྲོང་ཚོ།

    ཀོང་ཤིས་བྱང་རྒྱུད་ཀྱི་མཐོ་གྲང་ས་ཁུལ་དུ་གནས་པ་དང་། དེ་གའི་རི་ཆུ་མཛེས་ཤིང་ནགས་ཚལ་ཁེབས་ཚད་75.6%ཟིན་ལ། ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ལྷག་པར་དུ“གོ་ལ་ཧྲིལ་པོའི་སོ་ནམ་རིག་གནས་ཤུལ་བཞག་གཙོ་བོའི”ཁོངས་གཏོགས་ཏེ། འབྲུག་གི་སྒལ་རུས་ལྟ་བུའི་སྐས་ཞིང”ཡོད། “ཞིང་ལས་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ཏ་ཀྲའེ་གྲོང་ཚོས་ཞིང་ལས་ཐོན་སྐྱེད་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་སྐས་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ཐོན་སྐྱེད་དང་ཡུལ་སྐོར་གསར་སྤེལ་མཉམ་དུ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་བྱས་ཡོད།

    —— མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ནས།

    འདི་ནི་འབྲུག་གི་སྒལ་རུས་ལྟ་བུའི་སྐས་ཞིང་འགྲམ་དུ་ཆགས་པའི་ཏ་ཀྲའེ་གྲོང་ཚོ་ཡིན་པ།

    རྒྱལ་ཁོངས་ཨུ་རུ་སུ་ནས་ཡིན་པའི་ཡུལ་སྐོར་བ་ཧྥུའུ་ལ་ཅིས་སི་ལ་ཧྥུའུ·པོ་ལིའུ་ཚི་ཅིས་པར་བླངས།

    ཨན་ཧུའེ་ཧོང་ཧྲན་གྲོང་ཁྱེར་དབྱི་རྫོང་ཞི་ཏི་གྲོང་ཚོ།

    ལོ་700ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གྲོང་ཚོ་དེར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ཏུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་འགོ་ཚུགས་པ་མ་ཟད། ཨན་ཧུའེ་ལྷོ་ཕྱོགས་ཀྱི་འཛུགས་སྐྲུན་དང་ཞིང་སྡེའི་བཀོད་པ་མཛེས་སྡུག་ལྡན་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་ལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་དུ་བདེ་བླག་ངང་ཕྱོགས་སྒྱུར་བྱུང་ཡོད།

    —— མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ནས།

    འདི་ནི་ཞི་ཏི་གྲོང་ཚོར་པད་ཁའི་མེ་ཏོག་རབ་ཏུ་བཞད་པས་ཡུལ་སྐོར་བས་དེའི་ཡུལ་ལྗོངས་ཉམས་སུ་མྱོང་བཞིན་པ།

    དབྱི་རྫོང་ཨ་ལིན་ནཱ་མེ་ཏོག་ལྡུམ་རའི་དམངས་སྲོལ་གནས་ཚང་གི་སྦྱིན་བདག་རྒྱལ་ཁོངས་ཨོ་སི་ཁྲུ་རི་ཡ་ནས་ཡིན་པའི་ཨ་མིང·སུའུ་པེར་གྱིས་པར་བླངས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།