དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཁ་བཤད་ལག་བསྟར་བྱས། སེམས་ནུས་ཡོད་རྒུ་བཏོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-22

    ཉེ་དུས། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཀོ་ཐང་མཐའ་མཚམས་མངགས་གཏོང་ཁང་གིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཀོ་ཐང་ཤང་ཀོ་ཐང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག ལས་བྱེད་པ་དང་ཏང་ཡོན་ཡོངས། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི། དྲ་མིག་པ་བཅས་དང་མཉམ་དུ“རང་ཉིད་ནས་འགོ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ཁོངས་གཏོགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་དམངས་ཕན་ཞིང་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད།

    འདི་ནི་ལས་བྱེད་པ་དང་མང་ཚོགས་ཚོས“རང་ཉིད་ནས་འགོ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་བྱེད”ཅེས་པའི་མིང་འགོད་ཤོག་པང་གི་ངོས་སུ་མིང་བཀོད་དེ་སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ཁྲོད་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་དར་སྤེལ་བ་དང་ལག་ལེན་པ་ཞིག་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།