དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མངའ་རིས་ས་ཁུལ་རུ་ཐོག་རྫོང་རྡོ་དམར་ཤང་རྡོ་དམར་གྲོང་ཚོས།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-22

    གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་ཆབས་ཅིག རུ་ཐོག་རྫོང་རྡོ་དམར་ཤང་རྡོ་དམར་གྲོང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་སློབ་སྦྱོང་བྱེད་པ་དེ་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་ཀྱི་གཞི་བརྟེན་གལ་ཆེན་ལ་བརྩིས་ནས་གྲོང་མིར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ཉེ་ཆར་ཁོངས་གཏོགས་ཁུལ་གྱི་མང་ཚོགས་200ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མེས་རྒྱལ་གྱི་མཐའ་མཚམས་སུ་ལྷུག་པོར་བཞད་རྒྱུར་རམ་འདེགས་བྱས་ཡོད།

    གསོ་སྦྱོང་སློབ་ཚན་ཐོག་རྡོ་དམར་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི“སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ”གྱི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་གོ་བརྡ་འཕྲོད་པ་དང་། ཤེས་རྒྱ་ཆེ་བ། སློབ་ཁྲིད་ཐུབ་པ་བཅས་ཀྱི་ཉམས་མྱོང་གང་ལེགས་སྤྱད་དེ། གསོན་ཉམས་དོད་པའི་གྱོད་དཔེ་དང་སྤྱོད་གོ་ཆོད་པའི་རྩལ་ནུས་ལ་བརྟེན་ནས་གྲོང་མིར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་རྟོགས་དང་ཁོང་དུ་ཆུད་རྒྱུར་རོགས་རམ་བྱེད་ཀྱི་ཡོད། ཐ་སྙད་དང་བརྡ་སྤྲོད་སྐོར་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་མ་ཟད། ད་དུང་གྲོང་མིར་ཁ་སྐད་སྦྱོང་བརྡར་ལ་ཁྲིད་སྟོན་ཡང་བྱས་ནས་ཁོང་ཚོས་བག་ཕེབས་ལ་སྤྲོ་སྣང་དོད་པའི་རྣམ་པའི་ཁྲོད་སྐད་བརྡ་འཕྲོད་པའི་ནུས་པ་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།